དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཕན་འབྲས་གསར་པ་ཐོན་པ།

    ཉིང་ཁྲི་གྲོང་ཁྱེར་གྱི་2024ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་267.78ཟིན་ནས་ལོ་རེའི་ཆ་སྙོམས་འཕར་ཚད་8%ཡན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལོ་ངོ་60ཡི་རིང་གི་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། “བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ”འཛུགས་གཏོད་ཁྱབ་གདལ་ཧུར་ཐག་བཏང་ནས། གཞི་རིམ་བཅོས་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དམངས་འཚོ་འགན་སྲུང་། སྒྱུར་བཅོས་སྒོ་དབྱེ་སོགས་འགག་རྩའི་ཁྱབ་ཁོངས་སུ་གནད་སྨིན་ཤུགས་འདོན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གྲངས་གཞི་ལས་མངོན་པར། 2024ལོར། ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་267.78 ཟིན་པ་དེ་2021ལོའི་ལྡབ་1.28ཡིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་8%ཡན་ཟིན་པ། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་68.1ཟིན་པ་དེ་2021ལོའི་ལྡབ་1.21ཡིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་6%ཡན་ཟིན་པ། གྲོང་ཁྱེར་གྱི་གྲོང་མི་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་49621དང་27427སོ་སོར་ཟིན་པ་དེ་2021ལོའི་ལྡབ་1.2དང་ལྡབ་1.26ཡིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་6%དང་8%ཡན་ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས“བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ”གཏོད་རྒྱུར་དམིགས་ནས། སྒྱུར་བཅོས་གསར་གཏོད་དང་སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྒྱུར་བཅོས་ཀྱི་ཉམས་མྱོང་གསལ་ཐོ་ཁག་22ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ་དང་། “2+2+3”ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་སྒྱུར་བཅོས་ལ་རྒྱལ་ཡོངས་ཀྱི་ཁས་ལེན་ཐོབ་ནས་ཚོང་གཉེར་ཁོར་ཡུག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2024ལོར་ཕྱི་ཕྱོགས་ཚོང་དོན་དངུལ་འབོར་སྒོར་ཁྲི་842ཟིན་ནས་འཕར་ཚད་573%ལས་བརྒལ་བ་དང་། རྒྱལ་སྤྱིའི་གླེང་སྟེགས་མང་པོ་ལེགས་གྲུབ་ལྡན་པའི་ངང་གཉེར་ནས་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་ཕྱིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས“དམངས་འཚོའི་བྱ་བ་དངོས་བདུན”ལ་སྐུལ་འདེད་བཏང་བས། ལས་ཞུགས་དང་། སློབ་གསོ། སྨན་བཅོས་བཅས་ཀྱི་ཐོན་ཁུངས་མཁོ་སྤྲོད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་ལེགས་གྲུབ་ལྡན་པའི་ངང་འཛུགས་གཏོད་བྱས་པས་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་99.6%རྒྱུན་འཁྱོངས་བྱུང་བ་དང་། གཙང་པོ་དང་ཆུ་བོ་དང་དེ་བཞིན་མཚོ་གཙོ་བོའི་ཆུ་སྤུས་ཚད་གཞི་Ⅲརིམ་པར་སླེབས་པའམ་ཡང་ན་དེ་ལས་བཟང་བ་ཡོད་པ་རེད།

    གྲོང་ཁྱེར་གྲོང་གསེབ་དང་ཐོན་ལས་མཉམ་དུ་ཡར་རྒྱས་བྱུང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། 2024ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚད་གཞི་43%བར་མཐོ་རུ་ཕྱིན་ནས“ཀྲུང་གོའི་ཡུལ་ལུང་མཛེས་ཤོས། བསམ་པའི་དབུས་ཀྱི་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་དང་ས་མཐོའི་མཛེས་མཐུན་གྲོང་གསེབ་98བསྐྲུན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ་རེད། རིག་གནས་ཡུལ་སྐོར་ཐོན་ལས་དེ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་2024ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1530.65ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་138.21ཟིན་པ་དེ་དུས་མཚུངས་ལས་16.26%དང་18.7%སོ་སོར་འཕར་ཡོད་པ་རེད། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་603.13ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་52.36ཟིན་པ་དེ་དུས་མཚུངས་ལས་9.34%དང་13.16%འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།