ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པས་བོད་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཉེ་ཆར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པས་བོད་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་ནས། བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་དང་མི་ཆོས་རིག་གནས། སྒོ་དབྱེ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་ཐོབ་པའི་ཕྱོགས་ཡོངས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་གདེང་ཚོད་དང་ཆོད་སེམས་བཅས་མངོན་པར་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འཚམས་འདྲིའི་འཁྲབ་སྟོན་གྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ”བརྗོད་དོན་གཙོ་བོ་དང་བོད་ཀྱི་ལོ་ངོ་60རིང་གི་འཕེལ་རྒྱས་ཀྱི་དཔང་པོ་བ་དང་འཛུགས་སྐྲུན་པའི་གཏམ་རྒྱུད་གསར་རྩོམ་གྱི་ནང་དོན་དུ་བྱས་ཏེ། བོད་ཀྱི་ས་གནས་ཁག་གི་མང་ཚོགས་ལ་གླུ་གཞས་དང་། ཞབས་བྲོ། རོལ་དབྱངས་སོགས་ཐབས་ལམ་མང་པོ་ནས་རིག་རྩལ་ལེ་ཚན་གྱི་སྟོན་མོ་གཤོམ་རྒྱུ་ཡིན་ཞིང་། སྒྱུ་རྩལ་ཚོགས་པ་ལྷོ་རིའི་སྤྱི་གླིང་དང་། ལྷ་ཀླུ་འདམ་ར། བར་བསྐོར་གནའ་གྲོང་། ཞིང་ནང་དང་མུ་ཁ་བཅས་སུ་བསྐྱོད་ནས་འཁྲབ་སྟོན་དེ་ལས་དོན་དང་འཚོ་བའི་རྣམ་པ་དང་མཉམ་འདྲེས་བྱ་རྒྱུ་མ་ཟད། བོད་སྐྱོར་ལས་བྱེད་པ་དང་། ནགས་སྲུང་བ། “ས་མཐོའི་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་དཔོན་དམག ཁྲོན་བོད་ལྕགས་ལམ་གྱི་བཟོ་པ་སོགས་དང་སྤེལ་རེས་གཏིང་ཟབ་ཀྱང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།