གཞུང་ལམ་དྲ་བ་ཕྱོགས་བཞིར་སྦྲེལ། ཕྱུག་འགྱུར་སྒོ་མོ་ཡངས་པོར་ཕྱེ།
—— བོད་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་ཟུར་བྲིས།
ལྷ་གཞིས་རིམ་མཐོའི་གཞུང་ལམ་ཡིན་པ།
མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་གྱི་གྲོང་གསེབ་གཞུང་ལམ་ཡིན་པ།
རྒྱལ་ལམ་318ཡིན་པ།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་གྲོང་རྡལ་གྱི་གྲོང་གསེབ་གཞུང་ལམ་ཡིན་པ།
ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་གྲོང་གསེབ་གཞུང་ལམ་ཡིན་པ།
ལྷ་གཞིས་རིམ་མཐོའི་གཞུང་ལམ་དང་ལམ་རྙིང་པ་ཡིན་པ།
ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་གྲོང་གསེབ་གཞུང་ལམ་ཡིན་པ།
པར་འདི་གཉིས་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་གྲོང་གསེབ་གཞུང་ལམ་དང་སྙེ་མོ་རྫོང་གི་གྲོང་གསེབ་སྤྱི་སྤྱོད་རླངས་འཁོར་གྲོང་གསེབ་གཞུང་ལམ་ཐོག་སྐྱོད་བཞིན་པ།
དབྱར་གཞུང་དུ་། རླངས་འཁོར་བཏང་ནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གྲོང་གསེབ་གཞུང་ལམ་དུ་སྐྱོད་སྐབས་ལམ་ངོགས་ཀྱི་སེར་ཐིང་ངེར་བཞད་པའི་པད་ཁའི་མེ་ཏོག་དང་སྣུམ་ནག་གཞུང་ལམ་གྱིས་ལྟ་བས་མི་ངོམ་པའི་ཡུལ་ལྗོངས་ཁྱད་པར་བ་ཞིག་གྲུབ་ཡོད། མཛེས་ལྗོངས་དེ་འདྲ་བ་ད་ཆ་བོད་ཀྱི་གྲོང་གསེབ་ཁག་ཏུ་རྒྱུན་པར་མཐོང་རྒྱུ་ཡོད་ཅིང་། བདེ་ཞིང་ཡངས་པའི་གཞུང་ལམ་གསར་པ་རེ་རེ་ལས་ས་མཐོའི་ས་གཞི་ཆེན་པོའི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མངོན།
2024ལོར། བོད་ལྗོངས་གཞུང་ལམ་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྱོན་ཁྲི་12.49ལས་བརྒལ་བ་དང་། དེའི་ཁྲོད་གྲོང་གསེབ་གཞུང་ལམ་གྱིས་སྤྱི་ལེ་ཁྲི་9.48བཟུང་གི་ཡོད། འཕྲེད་གཞུང་སྣོལ་མའི་གྲོང་གསེབ་གཞུང་ལམ་དག་ནི་ཁྲག་རྩ་ཕྲ་མོ་ཞིག་དང་འདྲ་བར། གངས་ལྗོངས་ས་མཐོའི་ཡུལ་ལུང་གང་སར་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པ་བྱེད་ཀྱི་ཡོད། ལྷ་སའི་གྲོང་འདབས་ནས་ཆབ་མདོའི་རི་ཁུལ་བར་དང་། ནག་ཆུའི་རྩྭ་ཐང་ནས་སྙེ་མོའི་ལུང་ཤུར་བར། “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”རེ་རེས་གྲོང་གསེབ་དར་རྒྱས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་དང་རྩོམ་མུས་རེད།
གྲོང་གསེབ་གཞུང་ལམ་གྱི་དྲ་རྒྱ་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས་བོད་ཀྱི་གྲོང་གསེབ་ཏུའང་སྐྱེ་སྟོབས་གསར་པ་མངོན་ཞིང་། འགྲུལ་སྐྱེལ་དུས་གཏན་རླངས་འཁོར་གྲོང་ཁྱེར་ནས་གྲོང་གསེབ་བར་སྐྱོད་པ་དང་། ལམ་འགྲམ་གྱི་འབབ་ཚུགས་དང་ལྗོངས་གཟིགས་སྒང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་ཕྱིར་ཚོང་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ་བཅས་ཀྱིས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་ཐབས་ལམ་གསར་པ་བཏོད་ཡོད།
མཁའ་དབྱིངས་ནས་མར་བལྟས་ཚེ། འཕྲེད་གཞུང་སྣོལ་མའི་གྲོང་གསེབ་གཞུང་ལམ་གྱིས་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་མཛེས་རིས་ཤིག་བཀོད་པ་ལྟར་དུ་སྣང་། གཞུང་ལམ་འདི་དག་ནི་འགྲིམ་འགྲུལ་གྱི་ལམ་ཐིག་རེད་ལ། ཕྱུག་འགྱུར་གྱི་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་ཐིག་དེ་བས་ཀྱང་རེད། དེའི་ནང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ས་མཐོའི་མི་དམངས་ཀྱི་རེ་འདུན་འདུས་ཤིང་། དེས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཡོད་པའི་དཔང་པོ་བྱེད་བཞིན་ཡོད། རབ་ཏུ་འཚེར་བའི་ཉི་འོད་འོག་གཞུང་ལམ་རེ་རེ་ནི་ས་གཞི་ཆེན་པོའི་ཁྲག་རྩ་དང་འདྲ་བར་གངས་ལྗོངས་ས་མཐོར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་སྦྱིན་བཞིན་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཞིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།