དཀའ་བའི་ལས་ལ་བརྩོན་གྱུར་ན། འབྲས་བཟང་མི་ཐོབ་ཅི་ལ་སྲིད།
འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་སཱ་མོ་ཡཱའི་ཞིང་ནང་དུ་ཡུལ་དེའི་དཔེ་སྟོན་དུད་ཚང་ལ་འདེབས་འཛུགས་ཉམས་མྱོང་སློབ་བཞིན་པ།
སཱ་མོ་ཡཱ་ནི་སའི་གོ་ལའི་ཕྱེད་ལྷོ་མའི་ཚ་ཁུལ་དུ་གནས་པས། ཚ་ཁུལ་གྱི་ལོ་ཏོག་སྐྱེ་འཚར་ལ་ཤིན་ཏུ་འཚམ་མོད། འོན་ཀྱང་ཞིང་ལས་ཐོན་སྐྱེད་ལག་རྩལ་རྗེས་ལུས་ཡིན་པ་དང་། ཞིང་ལས་རྒྱུ་ཆ་དང་ངལ་རྩོལ་ནུས་ཤུགས་མི་འདང་བ་སོགས་ཀྱིས་རྐྱེན་པས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཀྱི་སྣེ་ཁ་དང་གྲངས་འབོར་གང་ཅིའི་ཐད་ནས་མཁོ་སྤྲོད་འདང་གི་མེད། ལོ་གཅིག་ལྷག་ཙམ་གྱི་གོང་། ཀྲུང་གོས་སཱ་མོ་ཡཱར་རོགས་སྐྱོར་བྱེད་པའི་སྐབས་དྲུག་པའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ངོས་ནས། ངས་མཛེས་སྡུག་ལྡན་པའི་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་འདིར་ཡོང་ནས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་དང་མཉམ་དུ་ཚད་ཡོད་ཀྱི་ལག་རྩལ་ཆ་རྐྱེན་ཁྱད་བསད་བྱས་ཏེ། ནུས་ཤུགས་ཡོད་རྒུས་སཱ་མོ་ཡཱའི་ཞིང་དུད་ལ་སྤུས་འབྲས་ལེགས་གཉེར་དང་འཚོ་བ་ལེགས་སུ་གཏོང་རོགས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཞིང་ལས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་བདེན་དཔང་བྱས་པ་ཡིན།
ཤིས་ཀྭ་ནི་སྔོན་ཆད་སཱ་མོ་ཡཱར་ཤིན་ཏུ་སྐྱེས་དཀོན་པའི་ཟས་རིགས་ཤིག་རེད། དེ་གའི་ཡུལ་མིས་ཀྱང“འདི་གར་ཤིས་ཀྭ་སྐྱེ་གི་མ་རེད”ཅེས་ཤོད་མྱོང་ཡོད། སྐབས་ཤིག་རིང་སྤྱི་རྒྱ་5ཡོད་པའི་ཤིས་ཀྭ་གཅིག་ལ་མི་དམངས་ཤོག་སྒོར་500བྱས་ནས་བཙོངས་ཡོད། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་དེ་གར་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། ཤིས་ཀྭ་སྣ་ཁ་མང་པོ་ནང་འདྲེན་གྱིས་རེ་རེ་བྱས་ནས་ཚོད་འདེབས་བྱས་པ་དང་། ཡུལ་བབ་དང་བསྟུན་པའི་དྲོད་ཁང་ཆེན་པོའི་ཐོན་སྐྱེད་ལག་རྩལ་ལ་ཞིབ་འཇུག་བྱས་ཏེ། ཚ་ཁུལ་གླིང་ཕྲན་རྒྱལ་ཁབ་ཏུ་འདེབས་རྒྱུར་འཚམ་པའི་དྲོད་ཁང་ཆེན་པོའི་ཤིས་ཀྭ་འདེབས་འཛུགས་ཀྱི་ལག་རྩལ་ཆ་ཚང་ཞིག་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་ཐུབ་སྟེ། བཏབ་པའི་ཤིས་ཀྭ་གཅིག་ལ་ལྗིད་ཚད་སྤྱི་རྒྱ་9.86ཟིན་ནས་ས་གནས་དེ་གའི་ཞིང་དུད་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
“ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་ལེགས”པའི་རྩ་དོན་གཞིར་བཟུང་། ང་ཚོས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཡུལ་དངོས་སུ་ཁྲིད་སྦྱོང་དང་རིགས་པའི་གཞུང་ལུགས་སློབ་ཁྲིད་ཟུང་འབྲེལ་བྱས་ནས་དཔལ་འབྱོར་ཐད་འགན་འཁུར་ཐུབ་པ་དང་། བཀོལ་སྤྱོད་བྱེད་སླ་བ། ལད་ཟློས་བྱེད་ཆོག་པ་བཅས་ཀྱི་སྤྱོད་གོ་ཆེ་བའི་ལག་རྩལ་དེ་གའི་ཞིང་པ་ཚོར་སྦས་སྐུང་ཅི་ཡང་མེད་པར་བསླབས་པ་ཡིན། དེ་གར་སྔོ་ཚལ་འདེབས་འཛུགས་ཀྱི་དཔེ་སྟོན་དུད་ཚང་ཏུའོ་ལཱར“སྔོ་ཚལ་གྱི་རྒྱལ་མོ”ཞེས་འབོད་ཅིང་། 2018ལོར་ཁོང་གིས་ཀྲུང་གོས་སཱ་མོ་ཡཱར་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་རྣམ་གྲངས་ཀྱིས་དེ་གའི་ཞིང་དུད་ལ་དྲོད་ཁང་སྐྲུན་རོགས་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཤེས་འཕྲལ། ཚོད་ལྟ་ཞིག་བྱེད་བསམས་ནས་རང་འགུལ་ངང་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་ལ་རོགས་སྐྱོར་རེ་ཞུ་བྱེད་པར་ཡོང་། ཏུའོ་ལཱ་ཡིས་ཚང་མའི་རེ་བ་ཆུད་ཟོས་སུ་མ་བཏང་བར་བློ་རྩེ་གཅིག་སྒྲིམ་གྱིས་ཀྲུང་གོའི་ལག་རྩལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པས། ཁོང་གི་ཞིང་རར་མགྱོགས་མྱུར་སྤུས་ལེགས་སྔོ་ཚལ་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ནུས་པ་ལྡན་ཏེ། མཐའ་འཁོར་གྱི་ཞིང་དུད་དཔེ་སྟོན་འབབ་འཕར་གྱི་གྲས་སུ་ཞུགས་པར་སྐུལ་ཁྲིད་ཐུབ་ནས་དེ་གར་སྐད་གྲགས་ཅུང་ཟད་ཆོད་པའི་ཚོང་ཟོག་སྔོ་ཚལ་ཐོན་ལས་གྲོང་ཚོར་གྱུར་ཡོད།
ད་ཆ། སཱ་མོ་ཡཱར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་ཁག་ཐེངས་མང་པོའི་འབད་བརྩོན་འོག ཀྲུང་གོས་སཱ་མོ་ཡཱར་རོགས་སྐྱོར་བྱས་པའི་ཞིང་ལས་ལག་རྩལ་རྣམ་གྲངས་དཔེ་སྟོན་ཞིང་ར་དེ་ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་སྐྱོར་ཁྲོད་གཞི་ཁྱོན་ཆེ་ཤོས་དང་། ཆེད་ལས་མང་ཤོས། ནུས་པ་ཚང་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྟོན་ཞིང་རའི་གྲས་སུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།