གོ་ལ་ཧྲིལ་པོའི་སྨན་རྫས་ཁྱབ་ཁོངས་སུ་ཀྲུང་གོ་མགྱོགས་མྱུར་དར་རྒྱས་འགྲོ་བ།
འདི་ནི་ཅང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་དུ་གནས་པའི་རེན་ཧོ་ཚོགས་པའི་སྨན་རིལ་བློ་རིག་འཁོར་ཁང་དུ་ལས་བཟོ་བས་སྨན་རྫས་ལས་སྣོན་བྱེད་བཞིན་པ།
ན་ནིང་ཀྲུང་གོས་ཤེས་རྟོགས་བྱུང་བའི་གྲུབ་ཆ་གསར་པའི་སྨན་རྫས་ཀྱི་འདུས་རྡུལ་གྲངས་འབོར་ཨ་རི་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་སྨན་རྫས་གསར་པ་ཞིབ་སྤེལ་གྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད།
ཡོ་རོབ་ནི་དེ་ལས་ལྡོག་སྟེ་འཛམ་གླིང་གི་ཨང་གསུམ་པར་ལུས་ཡོད། གོ་ལ་ཧྲིལ་པོའི་སྨན་རྫས་ཁྱབ་ཁོངས་སུ་ཀྲུང་གོ་མགྱོགས་མྱུར་དར་རྒྱས་འགྲོ་བཞིན་ཡོད།
ཡོ་རོབ་སྨན་རྫས་གསར་གཏོད་ཐོན་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་ཞིབ་འཇུག་སྙན་ཞུའི་ནང་2024ལོར་ཀྲུང་གོས་ཤེས་རྟོགས་བྱུང་བའི་གྲུབ་ཆ་གསར་པའི་སྨན་རྫས་ཀྱི་འདུས་རྡུལ་གྲངས་འབོར་ཨ་རི་དང་ཡོ་རོབ་ལས་ཐེངས་དང་པོར་བརྒལ་ཡོད་ཅེས་འཁོད་ཡོད། 2000ལོའི་གོང་ཡོ་རོབ་ནི་ཐོག་མཐའ་བར་གསུམ་དུ་སྨན་རྫས་གསར་པ་ཞིབ་སྤེལ་ཁྱབ་ཁོངས་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་མོད། འོན་ཀྱང་ལོ་དེར་ཨ་རིས་དེའི་ཚབ་བྱས་པ་དང་། དུས་དེ་ནས་བཟུང་ཡོ་རོབ་ནི་འཛམ་གླིང་གི་ཨང་གཉིས་པར་ལུས་ཡོད། ད་ཆ་རྣམ་པ་དེ་ལའང་འགྱུར་ལྡོག་བྱུང་བ་སྟེ། 2024ལོར་ཡོ་རོབ་འཛམ་གླིང་གི་ཨང་གསུམ་པར་ལུས་པ་མ་ཟད། ཧེ་བག་ཀྱང་དེ་བས་ཆེས་ཆེར་ཕྱིན་ཡོད།
—— ཧྥ་རན་སེའི《བྲག་ཅའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།