ཀྲུང་གོས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ།
འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིང་རྫོང་ཧོ་ཕིན་གྲོང་རྡལ་ཏ་ཀང་ཧྲན་རླུང་གློག་ར་བའི་རླུང་གློག་འཕྲུལ་ཚན་དང་། ཇ་ཞིང་། གྲོང་ཚོ། ཆུ་མཛོད་བཅས་གཅིག་ལ་གཅིག་བརྟེན་དུ་གནས་པ།
ཉེ་ཆར་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་གི་ནང་ཀྲུང་གོས་ཟིན་ཐོ་གསར་པ་བཏོད་ཅིང་། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་བྱ་སྤྱོད་མགྱོགས་མྱུར་སྤེལ་བཞིན་ཡོད་པ་མ་ཟད། ད་ལོ་གསར་དུ་འཕར་བའི་རླུང་གློག་དང་ཉི་ནུས་ཀྱི་གློག་འཕྲུལ་ནས་གློག་འདོན་ཚད་ན་ནིང་ལས་ལྡབ་1.5བར་འཕར་ནས་གོ་ལ་ཧྲིལ་པོའི་འཛུགས་སྐྲུན་བྱེད་བཞིན་པའི་གློག་འཕྲུལ་ནས་གློག་འདོན་ཚད་ཀྱི་བཞི་ཆ་གསུམ་ཟིན་རྒྱུ་རེད་ཅེས་འཁོད་ཡོད། ཀྲུང་གོ་ནི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་སྣེ་ཁྲིད་མཁན་ཞིག་ཡིན་པ་དང་གསར་དུ་འཕར་པའི་གློག་འཕྲུལ་ནས་གློག་འདོན་ཚད་དེ་རྒྱལ་ཁབ་གཞན་དག་ཚང་མ་ལས་བརྒལ་ཡོད།
སྤྱི་ཁྱབ་པུའུ་ཨ་རིར་ཡོད་པའི“གོ་ལ་ཧྲིལ་པོའི་ནུས་རྒྱུའི་ལྟ་ཞིབ་ཚད་ལེན”(GEM)རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། ད་ལོའི་ལོ་གཅིག་ཁོ་ནར། ཀྲུང་གོས་འཛུགས་སྐྲུན་བྱ་རྒྱུའི་སྤྱི་སྤྱོད་ལས་དོན་གྱི་གཞི་ཁྱོན་ལྡན་པའི་རླུང་གློག་དང་ཉི་ནུས་ཀྱི་གློག་འཕྲུལ་ནས་གློག་འདོན་ཚད་ཅི་ཝ་510ཟིན་ཏེ་ན་ནིང་དུས་མཚུངས་ལས་57%འཕར་རྒྱུ་དང་། ན་ནིང་ཀྲུང་གོའི་གསར་དུ་འཕར་བའི་གློག་འཕྲུལ་ནས་གློག་འདོན་ཚད་མིང་གྲལ་རྗེས་ཀྱི་རྒྱལ་ཁབ་གཞན་དག་ལས་ཆེས་ཆེར་བརྒལ་བ་འཁོད་ཡོད།
—— སིང་ཀ་ཕོར་གྱི《ཚོང་ལས་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།