“ཤིན་ཅང་ནི་ས་ཆ་ཡག་པོ་ཞིག་རེད”ཅེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤིན་སྐྱོར་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱེད་སྒོ་འགོ་ཚུགས་པ།
ཟླ་8ཚེས་15ཉིན་གྱི་དགོང་མོར། མཛེས་སྒྲོན་རྣམ་པར་བཀྲ་ཞིང་། དགའ་སྤྲོའི་གླུ་གར་དང་འགྲོགས་ནས་2025ལོའི“ཤིན་ཅང་ནི་ས་ཆ་ཡག་པོ་ཞིག་རེད”ཅེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤིན་སྐྱོར་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱེད་སྒོ་ཤིན་ཅང་ཧོ་ཐེན་གཡོད་ཐེ་ཀན་ཀུའུ་གྲོང་དུ་སྤེལ་འགོ་ཚུགས་ཤིང་། ཐེངས་འདིའི་བྱེད་སྒོར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གཞན་དག་25ཡི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་435དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་383ཞུགས་ཡོད་པ་དང་། འགྲེམས་ཞུགས་ཞིང་ཆེན་དང་འགྲེམས་ཞུགས་རྣམ་གྲངས་ཀྱི་གཞི་ཁྱོན་གཉིས་ཀ་སྐབས་རིམ་བྱུང་ནང་ཆེ་ཤོས་ཡིན་པ་རེད།
ཐེངས་འདིའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤིན་སྐྱོར་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱེད་སྒོ་ནི་རིག་གནས་དང་ཡུལ་སྐོར་པུའུ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་ཧོ་ཐེན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཉེར་འགན་འཁུར་བ་ཞིག་རེད། བྱེད་སྒོའི་ཐོག་ཤིན་ཅང་དང་ཧོ་ཐེན་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཛད་སྤྱོད་སྐུལ་སྤེལ་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་འབྲེལ“མངོན་མིན་རིག་གནས་ཤུལ་བཞག་གི་དབྱར་སྤྲོའི་ཟོག་ཉོའི་ཟླ་བའི”མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་ལེགས་ཚོང་ཟོག་ངོ་སྤྲོད་ཀྱང་བྱས་པ་རེད།
བྱེད་སྒོའི་ཚོགས་ར་གཙོ་བོ་གཡོད་ཐེ་ཀན་ཀུའུ་གྲོང་དུ་ཡོད་ལ་འདྲེན་ལམ་དང་། འགྲེམས་སྟོན། ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་བྱེད་སྒོ་བཅས་ཁག་གསུམ་ལ་དབྱེ་ཡོད། ཁྱད་ལྡན་བྱེད་སྒོའི་ནང“མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་སྟངས་སྟབས”དང་། “མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས” “མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ”“མངོན་མིན་རིག་གནས་ཤུལ་བཞག་ཞིབ་སློབ”“སྤྲིན་ཚོམས་མངོན་མིན་རིག་གནས་ཤུལ་བཞག”སོགས་ཚུད་ཡོད་པ་ལས་ཤིན་ཅང་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་སྤེལ་རེས་མཉམ་ལས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད། དེ་དང་ཆབས་ཅིག ཧོ་ཐེན་ས་ཁུལ་རྟེན་མཛོད་ཁང་དང་མོ་ཡུས་གྲོང་ཁུལ་རྙིང་པ་སོགས་སུ་ཡན་ལག་ཚོགས་ར་བཙུགས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་རྣམ་གྲངས་ཀྱི་འགྲེམས་སྟོན་དང་མཉམ་འགུལ་ཉམས་ལེན་སྤེལ་ཡོད། བྱེད་སྒོ་འདི་ཟླ་8ཚེས་19ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།