ཀྲུང་གོའི་བདམས་ཐོན་པས་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རང་མོས་འབྲེང་འཁོར་གྱི་སྐྱེས་པའི་མྱུར་ཚད་འགྲན་བསྡུར་ནང་ཨང་དང་པོ་དང་ཨང་གཉིས་པ་བླངས་པ།
ཟླ་8ཚེས་16ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རང་མོས་འབྲེང་འཁོར་གྱི་སྐྱེས་པའི་མྱུར་ཚད་ཀྱི་མཐའ་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཀྲང་ཧའོ་དང་ཧྥུའུ་ཡུས་ཀྱིས་ཨང་དང་པོ་དང་ཨང་གཉིས་པ་བླངས་པ་དང་དབྱི་རན་གྱི་བདམས་ཐོན་པ་ལའེ་ས་ཉི་ཡིས་ཨང་གསུམ་པ་བླངས་པ་རེད། འདི་ནི་ཨང་དང་པོ་དང་ཨང་གཉིས་པ་ལེན་མཁན་གྱི་ཀྲུང་གོའི་བདམས་ཐོན་པ་ཀྲང་ཧའོ(གཡས)དང་ཧྥུའུ་ཡུས་ཀྱིས་འགྲན་བསྡུར་ཚར་རྗེས་རྟེན་འབྲེལ་ཞུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།