བྲག་འཛེག་སྐྱེས་པའི་མྱུར་ཚད་རྒྱུག་མཐུད་འགྲན་བསྡུར།
ཀྲུང་གོའི་སྡེབ་སྒྲིག་གིས་ཨང་དང་པོ་བླངས་པ།
ཟླ་8ཚེས་16ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་བྲག་འཛེག་སྐྱེས་པའི་མྱུར་ཚད་རྒྱུག་མཐུད་འགྲན་བསྡུར་གྱི་མཐའ་བསྡུར་ནང་། ཀྲུང་གོའི་སྡེབ་སྒྲིག་ལུང་ཅན་གོ་དང་ཁྲུའུ་ཧྲོའུ་ཧུང་ལ་ཨང་དང་པོ་ཐོབ་པ་དང་། ཨ་རིའི་སྡེབ་སྒྲིག་ཧོ་མུའུ་དང་ཧྲི་ལེ་ཞི་ཐེར་ཨང་གཉིས་པ་ཐོབ་པ། ཨ་རིའི་སྡེབ་སྒྲིག་གཞན་དེ་ཧ་མོ་དང་ཝོ་ཐེ་སེན་གཉིས་ཀྱིས་ཟངས་ཀྱི་རྟགས་མའི་འགྲན་བསྡུར་ནང་ཧིན་རྡུ་ཉི་ཞི་ཡའི་སྡེབ་སྒྲིག་ལའེ་ཨང་ནཱ་ཏུའོ་དང་མུའུ་ཧན་མོ་ཏེ་ལས་རྣམ་པར་རྒྱལ་ནས་ཨང་གསུམ་པ་བླངས་པ་རེད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཁྲུའུ་ཧྲོའུ་ཧུང་གིས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།