གཏོར་སྐྱོན་ཚབས་ཆེན་ཕོག་པའི་སློབ་ཆུང་ཁག་གསུམ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་འགན་30%ལེགས་གྲུབ་བྱུང་བ།
དིང་རིའི་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་སློབ་གྲྭ་འབྲིང་ཆུང་བསྐྱར་སྐྲུན་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་བ།
འདི་ནི་དིང་རི་རྫོང་མཚོ་སྒང་ཤང་ལྟེ་བའི་སློབ་ཆུང་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་ཡིན་པ།
མིག་སྔར། དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཁྲོད་གཏོར་སྐྱོན་ཚབས་ཆེན་ཕོག་པའི་གྲམ་མཚོ་ཤང་ཆ་ཚང་སློབ་ཆུང་དང་། མཚོ་སྒང་ཤང་ལྟེ་བའི་སློབ་ཆུང་། ཆུ་ལྷོ་ཤང་ཆ་ཚང་སློབ་ཆུང་བཅས་སློབ་གྲྭ་ཡོངས་ཀྱི་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་འགན་30%ལེགས་གྲུབ་ཟིན་ཞིང་། དེ་མིན་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པའི་སློབ་ཆུང་དང་སློབ་འབྲིང་ཁག་གཅིག་གི་ཉམས་བཟོ་བརྟན་གཏོང་གི་ལས་འགན་ལེགས་གྲུབ་ཟིན་ནས། ཞིབ་བཤེར་རྩིས་ལེན་བྱེད་པར་བསྒུགས་ནས་བསྡད་ཡོད། གཏོར་སྐྱོན་ཕོག་པའི་བུ་བཅོལ་ཁང་ཚང་མ་ཟླ་དགུ་པའི་ཟླ་མཇུག་གོང་ཉམས་བཟོ་བརྟན་གཏོང་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ལེགས་གྲུབ་བྱ་རྒྱུ་རེད།
ཟླ་8ཚེས་12ཉིན་དང་ཚེས་15ཉིན། དིང་རི་རྫོང་སློབ་ཆུང་དང་དམའ་རིམ་སློབ་འབྲིང་སྔ་རྗེས་སུ་སློབ་འགོ་ཚུགས་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་1.43གྱིས་སྟོན་དུས་ཀྱི་སློབ་དུས་གསར་པ་བསུས་ཡོད། དིང་རི་རྫོང་གིས་གྲམ་མཚོ་དང་། མཚོ་སྒང་། ཆུ་ལྷོ་བཅས་སློབ་གྲྭ་གསུམ་གྱི་སློབ་མ་1490ལ་སྔར་བཞིན“ཁག་བགོས་བཀོད་སྒྲིག་དང་ཐག་ཉེ་སའི་སློབ་གྲྭར་སྐྱོད་པའི”བྱེད་ཐབས་སྤྱད་དེ། རྫོང་གྲོང་གི་དམའ་རིམ་སློབ་འབྲིང་དང་པོ་དང་། རྫོང་སློབ་ཆུང་དང་པོ། རྫོང་སློབ་ཆུང་གཉིས་པ་བཅས་སུ་བཀོད་སྒྲིག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།