ཟླ་བ་བདུན་པར་རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ།
གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་བདུན་པར་གཞི་ཆེའི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ། མཉེན་གཤིས་དང་གསོན་ཤུགས་ཅུང་ཆེན་པོ་མངོན་ཡོད།
ཐོན་སྐྱེད་མཁོ་སྤྲོད་བརྟན་པོའི་ངང་འཕར་ཞིང་། ཟླ་བ་བདུན་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.7%འཕར་ནས། བཟོ་ལས་ཀྱི་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་པར་དུ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.4%འཕར་ནས་འཕར་ཚུལ་ཅུང་ཡག་པོ་ཡོད་ལ། བཟོ་ལས་ཀྱི་འཕར་ཐང་ལ་འདེགས་སྐྱོར་ནུས་ལྡན་ཡང་ཐུབ་ཡོད། ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་5.8%འཕར་ནས། འཕར་ཚད་མགྱོགས་པོ་བྱུང་ཡོད།
འཛད་སྤྱོད་མ་འཇོག་རྒྱུན་མཐུད་འཕར་ཞིང་། ཟླ་བ་བདུན་པར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་3.7%འཕར་བ་དེའི་ནང་ཚོང་ཟོག་སིལ་ཚོང་དངུལ་འབོར་4%འཕར་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག(ཞིང་དུད་ཚུད་མེད)དུས་མཚུངས་ལས་1.6%འཕར་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་གྱི་མ་འཇོག་འཐེན་ན་5.3%འཕར་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་མཉེན་གཤིས་རྒྱུན་མཐུད་མངོན་ཞིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཕྱི་ཕྱོགས་ཚོང་དོན་བརྟན་དུ་གཏོང་ཤུགས་ཆེ་རུ་བཏང་བ་དང་། རྒྱ་ཆེའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་པས། ཟླ་བ་བདུན་པར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་དངུལ་འབོར་དུས་མཚུངས་ལས་6.7%འཕར་བ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.5མགྱོགས་སུ་ཕྱིན་ནས། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ཡོད།
ལས་ཞུགས་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་ཞིང་། ཟླ་བ་བདུན་པའི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)དུས་མཚུངས་དང་གཅིག་མཚུངས་ཡིན་ཞིང་། ཟས་རིགས་དང་ནུས་རྒྱུའི་ལྟེ་བའི་CPIའཐེན་ན་དུས་མཚུངས་ལས་0.8%འཕར་བ་དང་། འཕར་ཚད་མང་དུ་ཟླ་བ་གསུམ་བསྟུད་མར་ཕྱིན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།