གྲངས་འཛིན་ཀྲུང་གོ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
“རང་རྒྱལ་གྱིས‘ལོ་ལྔ་ཚན་བཅུ་བཞི་པའི’ རིང་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། གྲངས་གཞིའི་གནད་ཆེའི་རྒྱུ་རྐྱེན་ཁྲོམ་ར་ཅན་དུ་བསྒྱུར་བའི་བཀོད་སྒྲིག་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་ཅན་དང་ལྗང་མདོག་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་བཏང་བས། གྲངས་འཛིན་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད” ཟླ་8ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི“སྤུས་ཚད་མཐོ་པོས‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད”ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཐོག་རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གིས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱི་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཞི་ཁྱོན་དང་ལག་རྩལ་སོགས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ད་ལོའི་ཟླ་6པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་455ཟིན་པ་དང་། ཀྲའོ་སྟོང་ཟིན་པའི་དྲ་ཆེན་སྤྱོད་མཁན་དུང་ཕྱུར་2.26ཟིན་པ། རྩིས་ནུས་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།