དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་གིས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-17

    ཉེ་ཆར། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ལེའོ་ཉིང་ཞིང་ཆེན་གྱི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལག་བསྟར་ཇུས་གཞི(2025ལོ་ནས་2027ལོ་བར)》བཀྲམ་ནས། གཙོ་གནད་ལས་འགན་ཁག་22བཀོད་སྒྲིག་བྱས་ཤིང་། དེའི་ནང་2027ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་གཞི་གཅིག་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ནུས་པ་ཆེ་ལ་ལེགས་བསྡུས་ཞིབ་གཉེར་དང་། གཞི་གཅིག་ཅན་གྱི་གྲངས་གཞིའི་ཐོན་ཁུངས་སྒོ་དབྱེ་མཉམ་སྤྱོད། དེ་བཞིན་“དྲ་གཅིག་ཀུན་སྒྲུབ”དང་། “དྲ་གཅིག་མཐུན་སྦྱོར” “དྲ་གཅིག་སྤྱི་འདོམས”བཅས་ཀྱི་གྲངས་རིག་གིས་མཐུན་རྐྱེན་སྦྱོར་བ། གཞི་གཅིག་ཅན་གྱི་བདེ་འཇགས་འགོག་སྲུང་མ་ལག་གི་སྟབས་བསྟུན་འགོག་སྲུང་བཅས་ཀྱི་གྲངས་འཛིན་སྲིད་གཞུང་འཁོར་རྒྱུག་གི་ལས་ཀའི་མ་ལག་གཞི་རྩའི་ཆ་ནས་འཛུགས་ཐུབ་པ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།

    ལག་བསྟར་ཇུས་གཞིའི་ནང་། སྲིད་དོན་སྤྲིན་རྩིས་དང་དྲ་ཐོག་སྲིད་དོན་དྲ་རྒྱ་འཛུགས་སྐྱོང་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས། གྲངས་འཛིན་སྲིད་གཞུང་གི་རྨང་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་གཅིག་ཅན་གྱི་རྨང་གཞིའི་དཔེ་དབྱིབས་ཆེན་པོའི་ཞབས་ཞུའི་འདེགས་སྐྱོར་ནུས་པ་འཛུགས་དགོས་པ་དང་། སྤྱི་པའི་གྲངས་གཞིའི་གཅིག་གྱུར་དཀར་ཆག་གཙོ་གནད་ཐོག་ཁྱབ་སྤེལ་བཏང་ནས་གྲངས་གཞིའི་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་ལམ་སྲོལ་དང་མཁོ་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་དོན་གྲངས་གཞི་ནུས་ཆེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། དྲ་རྒྱའི་བདེ་འཇགས་དོན་རྐྱེན་འཕྲལ་སྡོམ་ཉེན་བརྡ་ཐག་གཅོད་དང་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་གཙོ་གནད་ཐོག་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་པའི་གྲངས་གཞིའི་བརྒྱུད་རིམ་ཧྲིལ་པོའི་དུས་འཁོར་གྱི་བདེ་འཇགས་འགོག་སྲུང་མ་ལག་འཛུགས་དགོས་པ་བཅས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།