དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་ནན་ཐང་དབྱིན་རྫོང་གིས“སློབ་གྲྭའི་ཟ་མར”གནས་པའི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་པ།

    སློབ་གྲྭའི་ཟ་ཁང་གི་རྩིས་ཐོ་ཁ་གསལ་བཟོས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྥང་མིན།   |     སྤེལ་དུས།  2025-08-17

    ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་སློབ་གསོའི་ཁོངས་གཏོགས་སུ་བཏང་བའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུང་ཀྲང་ཉིའུ་ཡུང་སུང་གིས་འགན་འཁྲི་ལྕི་པོ་ཡོད་པ་ཚོར་བཞིན“སློབ་གྲྭའི་ཟ་ཁང་གི་འགྲོ་སོང་དོ་དམ་ཁ་གསལ་མེད་པ་དང་ཕྲུ་གུ་ཚོའི་ཟ་མ་ཡག་པོ་མེད་པ་དེ་ཐོག་ནས་རུལ་སུངས་ཆུང་ཙག་གི་གནད་དོན་ཡོད་བཟོ་འདུག་པས་ངེས་པར་དུ་ཞིབ་བཤེར་ནན་པོ་བྱེད་དགོས” ཞེས་བཤད།

    དོགས་གཞི་དེ་རིགས་ལ་དམིགས་ནས་ཉིའུ་ཡུང་སུང་གིས་ལྟ་ཞིབ་ཚོགས་ཆུང་བཙུགས་ཏེ་མང་ཚོགས་ཀྱི་བསམ་འཆར་མང་བའི་སློབ་འབྲིང་གསུམ་དུ་བསྐྱོད་དེ་ཟ་ཁང་གི་ལོ་ཕྱེད་ཀྱི་རྩིས་ཐོ་བཤེར་ཞིང་། ཚལ་ཉོའི་འཛིན་ཤོག་དང་། མཛོད་ཁང་གི་འཛིན་ཤོག དངུལ་བཏང་བའི་ཐོ་བཅས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་གཏིང་ཟབ་བྱས་པ་བརྒྱུད་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཞིང་། སློབ་གྲྭ་ལ་ལའི་ཟ་ཁང་དུ་འགན་གཙང་ལེན་མཁན་དང་སློབ་གྲྭས་ཁ་མཐུན་བྱས་ཏེ་འཛིན་ཤོག་རྫུན་མ་བྲིས་ནས་དངུལ་གཡོ་ལེན་བྱས་པ་དང་། སློབ་གྲྭ་ལ་ལའི་རྩིས་ཐོ་གསལ་པོ་མེད་པ་དང་ཟ་ཁང་གི་འགྲོ་སོང་དང་། ཚལ་ཐོ། ཟ་ཁང་གི་ཁེ་བཟང་བཅས“རྩིས་ཐོ་གསུམ”མི་མཐུན་པ། གཞན་ཡང་། སློབ་འབྲིང་ཞིག་གི་ཟ་ཁང་གི་གྲོན་དངུལ་མི་སྒེར་གྱི་རྩིས་ཁྲ7དང་འབྲེལ་བ་ཡོད་པ། མ་དངུལ་ལྟ་སྐུལ་དོ་དམ་ནན་པོ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཡོད། དེ་མུར། ཐང་དབྱིན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁྲི་བདའ་འདེད་ཀྱི་སྒྲིག་སྲོལ་ལྟར་སློབ་གྲྭའི་འགོ་ཁྲིད་ལས་བྱེད་པ་3ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་4ལ་ཁ་ཏ་བསླབ་འདོམས་བྱས་པ་རེད།

    ཉིའུ་ཡུང་སུང་གིས“འགན་འཁྲི་རྩད་གཅོད་བྱས་རྗེས་གནད་དོན་ཐག་ཆོད་པ་མིན་པར། ད་དུང་ལམ་ལུགས་ཀྱི་སྐྱོན་ཆ་སེལ་དགོས”ཞེས་བཤད། ཆེད་དོན་བགྲོ་གླེང་ཐེངས་6བྱས་རྗེས་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ཕྱོགས་གསུམ་གྱིས་མཉམ་དུ་དོ་དམ”བྱེད་པའི་ཇུས་གཞི་བཏོན་པ་སྟེ། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ“སློབ་གྲྭ་དང་། སློབ་གསོ་ཅུས། ལས་སྟེགས་ཀུང་སི”བཅས་ཕྱོགས་གསུམ་གྱི་ལྟ་སྐུལ་དོ་དམ་གྱི་རྩིས་ཐོ་བཙུགས་ནས《སློབ་གྲྭའི་ཟ་ཁང་གི་མ་དངུལ་དོ་དམ་ལམ་ལུགས》བཟོ་དགོས་པ་དང་། ཁྱིམ་བདག་གིས་རྩ་གཉིས་ཨང་རྟགས་བཤེར་ནས་བསྐུར་བའི་དངུལ་སྟེགས་བུའི་ཆེད་སྤྱོད་རྩིས་ཐོར་ཐད་ཀར་འབྱོར་ཐུབ་པ་དང་འགྲོ་སོང་ཚང་མ་ངེས་པར་དུ་སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཀྲུའུ་རེན་དང་། སློབ་གསོ་ཅུས་ནོར་དོན་ཁོའོ་ཡི་འགན་འཁུར་བ། སྟེགས་བུའི་ཆེད་མི་བཅས་ཕྱོགས་གསུམ་གྱིས་མཉམ་དུ་ཞིབ་བཤེར་བྱས་ནས་ས་ཡིག་འགོད་དགོས་པ། བཟའ་བཅའི་རྒྱུ་ཆ་ཉོ་བའི་བསྡུར་ཚད་དེ་བཟའ་བཅའི་གྲོན་དངུལ་བསྡོམས་འབོར་གྱི་60%ལས་མི་དམའ་བའི་གཏན་འབེབས་བྱེད་དགོས་པ་དང་འབྲེལ། “བཟའ་བཅའི་གྲོན་དངུལ་ལྟ་འདོམས་ལམ་ལུགས”བཟོས་ཏེ་རྩིས་ཁྲའི་དངུལ་ལྷག་མ་དང་འགྲོ་སོང་ཁ་གསལ་ཡོང་བ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།