དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་པ་ལས།

    ལོ་སིར་ཚལ་རིགས་སྣ་ཁ་འཛོམས། ཝན་ཐེན་ཁྲོམ་ར་འཁྲུག་ཆ་དོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་དབྱི།   |     སྤེལ་དུས།  2025-08-17

    འདི་ནི་ཀྲུང་གོའི་སྔོ་ཚལ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཝན་ཐེན་འབབ་ཚུགས་ལྷོ་མ་ནས་བརྒྱུད་འཚོང་ཚོང་པའི་མཛོད་ཁང་ཕྱོགས་སུ་སྐྱོད་བཞིན་པ།

    འདི་ནི་ལོ་སིའི་ཁྲོམ་ར་ཞིག་ཏུ་ཚོང་པས་ཀྲུང་གོའི་སྔོ་ཚལ་ལ་ཆུ་གཏོར་བཞིན་པ།

    ལོ་སིའི་རྒྱལ་ས་ཝན་ཐེན་གྱི་པའེ་ཧྲེང་ཉོ་སྒྲུབ་ལྟེ་གནས་སུ་སྐྱོད་སྐབས། སྔོ་ཚལ་ཤིས་ཆིན་དང་། ཤིས་ལན་ཧྭ། པད་ཚལ། ཞོག་ཁོག་སོགས་ཀྱིས་ཁེངས་ཡོད། ཉོ་སྒྲུབ་ལྟེ་གནས་ཀྱི་སྒོ་རྩིས་ཚོང་ཁང་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྔོ་ཚལ་དེ་དག་ཕལ་ཆེ་བ་ཀྲུང་ལོ་ལྕགས་ལམ་བརྒྱུད་དེ་དབོར་འོང་བ་ཤ་སྟག་ཡིན་པ་རེད།

    ཟླ་6ཚེས་18ཉིན་བར། ད་ལོར་ཀྲུང་ལོ་ལྕགས་ལམ་བརྒྱུད། ལོ་སིར་སྔོ་ཚལ་དབོར་ཚད་ཏུན་ཁྲི་3.8ལས་བརྒལ་བ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་5ནས་6བར་འཕར་ནས་ལོ་སིའི་སྔོ་ཚལ་ཁྲོམ་རའི་མཁོ་སྤྲོད་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པས་ཉེ་ཆར་ཝན་ཐེན་ཟོག་འདྲེན་འགག་སྒོའི་འབབ་ཚུགས་ལྷོ་མ(གཤམ་དུ“ཝན་ཐེན་འབབ་ཚུགས་ལྷོ་མ”ཞེས་བསྡུ་རྒྱུ)དང་། བརྒྱུད་འཚོང་ཚོང་པའི་མཛོད་ཁང་། ས་གནས་དེ་གའི་ཁྲོམ་ར་བཅས་ལ་ཀྲུང་གོའི་སྔོ་ཚལ་ཝན་ཐེན་དུ་ཉིན་གཅིག་ལ་དབོར་བའི་གནས་ཚུལ་སྐོར་རྗེས་སྙེག་བཅར་འདྲི་བྱེད་པར་བསྐྱོད་ཡོད།

    ཉིན་དགུང་ཆུ་ཚོད་2པ་ཙམ་ལ།

    ཝན་ཐེན་འབབ་ཚུགས་ལྷོ་མར་བསྐྱོད་པ།

    མེ་འཁོར་གྱི་དུང་སྒྲ་གྲགས་པ་དང་ཆབས་ཅིག་གྲང་ཕྲེང་སྔོ་ཚལ་སོས་པ་བྱུར་བུར་བླུགས་པའི་དོས་སྒམ་16ཡོད་པའི་ཟོག་འདྲེན་མེ་འཁོར་ཞིག་ཝན་ཐེན་འབབ་ཚུགས་ལྷོ་མར་འབྱོར་ཞིང་། མེ་འཁོར་ཁ་བརྟན་པོར་བཀག་རྗེས། སྔོ་ཚལ་བརྒྱུད་འཚོང་ཚོང་པའི་ཟོག་འདྲེན་རླངས་འཁོར་ཆེན་པོ་དལ་གྱིས་དངོས་ཟོག་ར་བར་བཏང་འོང་བ་དང་། ལྗིད་འདེགས་འཕྲུལ་འཁོར་གྱིས་འགག་སྒོའི་འགྲོ་ལུགས་ཆ་ཚང་གཉེར་ཟིན་པའི་གྲང་ཕྲེང་དོས་སྒམ་ཟོག་འདྲེན་རླངས་འཁོར་ཆེན་པོའི་ནང་ཕབ་པ་དང་། དེ་ནས་སྔོ་ཚལ་སོས་པ་དག་མཛོད་ཁང་དུ་བསྐྱལ་ནས་བསྡུ་གསོག་རྒྱག་པ་དང་། དབྱེ་འབྱེད། སྡེབ་སྐྱེལ་བཅས་བྱས་ཤིང་། ཝན་ཐེན་འབབ་ཚུགས་ལྷོ་མའི་ཟོག་འདྲེན་ལས་རེས་པ་ཨ་ལེ་ཡིས། “སྔོ་ཚལ་འདི་དག་ཀྲུང་གོའི་ཡུན་ནན་དུ་ཡོད་པའི་ཀྲུང་ལོའི་ལྕགས་ལམ་གྱི་ཀྲུང་དབྱི་གྲོང་ཚོའི་འབབ་ཚུགས་དང་། ཝང་ཅཱ་ཡིང་འབབ་ཚུགས་ནུབ་མ་ནས་རླངས་འཁོར་ནང་བླུགས་པ་དང་། དེ་ནས་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་མཐར་ཝན་ཐེན་འབབ་ཚུགས་ལྷོ་མར་འབྱོར་བའི་བར་ཆུ་ཚོད་48ཙམ་ལས་འགོར་གྱི་མེད”ཅེས་བཤད།

    ལོ་སིའི་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིའི་སྐྱེལ་འདྲེན་ཐོན་སྐྱེད་པུའི་པུའུ་ཀྲང་མཱ་ཀྲའོ་དབྱིན་གྱིས་ཀྲུང་གོའི་སྔོ་ཚལ་དབོར་ཚད་མང་དུ་སོང་བ་དེས་དོས་སྒམ་ལོ་སིར་སྟོང་ལོག་གི་གནས་ཚུལ་ཉུང་དུ་ཕྱིན་ནས་ལོ་སིའི་དམངས་ཚོགས་ལ་གདམ་ག་སྔར་བས་མང་བ་བྱུང་བ་དང་ཆབས་ཅིག་དབོར་གླའི་མ་གནས་ཀྱང་གྲོན་ཆུང་ཤུགས་ཆེན་ཐུབ་ཡོད།

    དགོང་མོའི་ཆུ་ཚོད་8པ་ཙམ་ལ།

    ལི་རུང་སྔོ་ཚལ་དང་ཤིང་ཏོག་སྡེབ་ཚོང་ཀུང་སིའི་མཛོད་ཁང་དུ་བསྐྱོད་པ།

    ས་རུབ་ལ་ཉེ་བའི་སྐབས། ཝན་ཐེན་གྲོང་ཁུལ་གྱི་ཐ་ལོན་མཚོའི་ཁྲོམ་རའི་འགྲམ་དུ་གནས་པའི་ལི་རུང་སྔོ་ཚལ་དང་ཤིང་ཏོག་སྡེབ་ཚོང་ཀུང་སིའི་མཛོད་ཁང་དུ་གློག་འོད་ཁྲ་ཆིལ་ལེར་སྤར་ཡོད། ལྗིད་འདེགས་རླངས་འཁོར་ཞིག་མཛོད་ཁང་གི་སྒོ་འགྲམ་དུ་ཁ་བཀག་ཡོད་པ་དང་། རླངས་འཁོར་སྟེང་ས་སྲོད་དུ་ཝན་ཐེན་འབབ་ཚུགས་ལྷོ་མ་ནས་དབོར་ཡོང་བའི་གྲང་ཕྲེང་དོས་སྒམ་བླུགས་ཡོད།

    ཀུང་སིའི་འགན་འཁུར་བ་ཙོའུ་ཝུན་ཉན་གྱིས་འགྱིག་སོབ་སྒམ་ཨང་རྟགས་21པ་བསྟན་ཞིང་། དེའི་ནང་ལོ་སིའི་ཐང་ཕྱེ་དང་ཤ་སྲེག་སྐབས་སྤྱོད་པའི་རོ་མའི་ཧྲེང་ཚལ་བླུགས་ཡོད། ཙོའུ་ཝུན་ཉན་གྱིས། “ཧྲེང་ཚལ་དེ་དག་ནི་ཟ་ཁང་ཞིག་གིས་སྔོན་མངགས་བྱས་པ་དང་། ཨང་རྟགས་21པ་འཁོད་པའི་འགྱིག་སོབ་སྒམ་ཚང་མ་ཟ་ཁང་དེར་བསྐྱལ་དགོས། མིག་སྔར་ཚོང་པ་200ལྷག་ཙམ་གྱིས་ང་ཚོའི་འདིར་མངགས་ཉོ་བྱེད་བཞིན་ཡོད། ད་ཆ་ང་ཚོས་སྔོ་ཚལ་འཐེན་ཚད་ཉིན་གསུམ་ལ་དོས་སྒམ་གཉིས་རེ་ཟིན་པ་དང་། དོས་སྒམ་རེར་ཆ་སྙོམས་འགྱིག་སོབ་སྒམ་740ཡོད་པས། ཀྲུང་གོའི་སྔོ་ཚལ་སྣ་ཁ་40ལྷག་ཙམ་བརྒྱུད་འཚོང་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཕྱི་ཉིན་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ།

    ཐ་ལོན་མཚོའི་ཁྲོམ་རར་བསྐྱོད་པ།

    སྔ་དྲོའི་མཚམས་ལ། ཐ་ལོན་མཚོའི་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ཤིང་སྔོ་ཚལ་དང་ཤིང་ཏོག་སོས་པ་དང་། ཤ་རིགས། སྐམ་ཟོག སྨན་སྣ་སོགས་གང་དགོས་ཕུན་སུམ་ཚོགས་པོ་ཡོད།

    ལོ་སིའི་ས་གནས་དེ་གའི་སྔོ་ཚལ་འདེབས་པ་དང་འཐུ་བའི་དུས་ཚོད་ནི་ལོ་རེའི་ཟླ་བཅུ་གཉིས་པ་ནས་ཕྱི་ལོའི་ཟླ་བཞི་པ་བར་ཡིན་པ་དང་། དེ་ནས་ལོ་སིར་ཆར་ཞོད་ཚུགས་པས་སྔོ་ཚལ་འདེབས་རྒྱུར་འཚམ་པོ་མེད་པར་བརྟེན་སྔོ་ཚལ་ནང་འདྲེན་བྱེད་ཀྱི་ཡོད། ཚོང་པ་ཨ་དབྱི་ཡིས། “ད་ཆ་ལོ་ཀྲུང་ལྕགས་ལམ་ཡོད་པས། ཆར་ཞོད་སྐབས་སུའང་ང་ཚོར་སྔོ་ཚལ་སོས་པ་སྣ་ཚོགས་བཟའ་རྒྱུ་ཡོད། ཀྲུང་གོའི་སྔོ་ཚལ་གྱིས་ལོ་སིའི་དམངས་ཚོགས་ཀྱི་གསོལ་ལྕོག་སྟེང་གི་ཚལ་རིགས་སྣ་ཁ་འཛོམས་སུ་བཏང་ལ། ངེད་ཁྱིམ་གྱི་འཚོ་བ་ཡང་སྔར་བས་སྐྱིད་དུ་ཕྱིན་སོང”ཞེས་བཤད། ཨ་དབྱིའི་བཟའ་ཟླས་ཐ་ལོན་མཚོའི་ཁྲོམ་རར་ཁྲོམ་བཀྱག་གཞན་ཞིག་བཙུགས་ཡོད་པས། “ནང་མི་ཚང་མས་སྔོ་ཚལ་འཚོང་བར་བྲེལ་བཞིན་ཡོད་པ་དང་ཕྱིས་འབྱུང་གོ་སྐབས་བྱུང་ཚེ་ཚོང་ཆེན་པོ་ཞིག་རྒྱག་རྩིས་ཡོད”ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།