དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་ཙུང་ཚའེ་ཡིས་བརྗོད་དོན།

    ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་གལ་ཆེའི་འཐབ་ཇུས་ཁྲོམ་ར་ཞིག་ཡིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-17

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཨ་མིང·ནཱ་སེར་གྱིས་ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་གལ་ཆེའི་འཐབ་ཇུས་ཁྲོམ་ར་ཞིག་ཡིན་ཞིང་། ཀུང་སིས་ཀྲུང་གོར་མ་འཇོག་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད་ཅེས་བརྗོད།

    ཚེས་5ཉིན་འཚོགས་པའི་སོ་ཏི་ཨ་རབ་ཀྱི་2025ལོའི་ལོ་སྟོད་ཀྱི་ནོར་དོན་སྙན་ཞུའི་གསར་འགོད་པའི་ཁ་པར་གྱི་ཚོགས་འདུའི་ཐོག་ནཱ་སེར་གྱིས་གསར་འགོད་པས་བཏོན་པའི་དྲི་བར་ལན་རྒྱག་སྐབས། ཁོང་གིས། “ང་ཚོས་ཀྲུང་གོའི་རོགས་ཟླའི་དབར་གྱི་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཡུན་རིང་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ཀྲུང་གོ་ནི་སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་གལ་ཆེའི་འཐབ་ཇུས་ཁྲོམ་ར་ཞིག་ཡིན”ཞེས་བརྗོད།

    ཁོང་གིས། རྫས་འགྱུར་བཟོ་ལས་ཁྱབ་ཁོངས་སུ་ཀྲུང་གོར་བཙོ་སྦྱང་གཞི་གཅིག་ཅན་གྱི་རྣམ་གྲངས་མི་ཉུང་བ་ཞིག་ཡོད་པས། སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་རྣམ་གྲངས་གལ་ཆེན་དེ་དག་གི་མ་འཇོག་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་མ་ཟད། ཕྱིས་འབྱུང་གི་ཁྱབ་ཁོངས་མང་པོར་མུ་མཐུད་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྩིས་ཡོད་ཅེས་བརྗོད།

    ཁོང་གིས། གོ་ལ་ཧྲིལ་པོའི་རྫས་འགྱུར་བཟོ་ལས་ཁྲོམ་རར་ཀྲུང་གོས་གནས་བབ་གལ་ཆེན་བཟུང་ཡོད། “མ་བཅོས་རྡོ་སྣུམ་མཁོ་སྤྲོད་ཡིན་ནའང་འདྲ། ཡང་ན་གཤེར་འགྱུར་རྫས་འགྱུར་བཟོ་ལས་སོགས་ཀྱི་རྣམ་གྲངས་ལ་མ་འཇོག་དང་མཉམ་ལས་བྱ་རྒྱུ་ཡིན་ནའང་འདྲ། དེ་དག་ཚང་མར་ཀྲུང་གོ་ནི་སྔར་བཞིན་སོ་ཏི་ཨ་རབ་ཀྱི་གཙོ་གནད་ཁྲོམ་ར་ཞིག་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།