དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཝེ་ནན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་དགེ་རྒྱས་རྫོང་དུ་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-17

    འདི་ནི་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་རིང་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་སྨན་བཅོས་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་སློབ་བཞིན་པ།

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་མི་དམངས་སྨན་ཁང་ལག་ལེན་གསོ་སྦྱོང་རྟེན་གཞིར། ཧྲའན་ཤིས་ཞིང་ཆེན་ཝེ་ནན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་དམིགས་སའི་རང་བཞིན་ལྡན་པའི་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་དང་། དགེ་རྒྱས་རྫོང་མི་དམངས་སྨན་ཁང་གི་སྨན་པ་20ལྷག་ཙམ་ཞུགས་པ་རེད།

    ཧྲའན་ཤིས་ཞིང་ཆེན་ཝེ་ནན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“རིགས་པའི་གཞུང་ལུགས་དང་དངོས་སྦྱོང་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ། གཏར་ཁའི་ངེས་གནས་དང་། སྲིན་སེལ་རྩ་དོན། དབུགས་ལམ་དོ་དམ་སོགས་འགག་རྩའི་ལག་རྩལ་གྱི་གནད་འགག་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    “རྨང་གཞིའི་བཀོལ་སྤྱོད་དེ་དག་འབྲོག་ཁུལ་དུ་སྨན་བཅོས་བྱེད་སྐབས་ཡང་སེ་སྤྱོད་དགོས། ཡིན་ནའང་དེ་སྔ་ང་ཚོས་བཀོལ་སྤྱོད་ཡག་པོ་མ་བྱུང་ན་གཉན་ཁ་རྒྱས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་འདུག”ཅེས་གསོ་སྦྱོང་ལ་ཞུགས་མཁན་བསྟན་འཛིན་བསམ་གྲུབ་ཀྱིས་བརྗོད་པ་དང་། ཁོང་གིས“སློབ་ཚན་ཁྲིད་མཁན་སྨན་པས་དཔེ་སྟོན་སློབ་ཁྲིད་དང་རང་ཉིད་ཀྱིས་ཡང་སེ་སྦྱངས་པ་བརྒྱུད། ད་ཆ་ང་ཚོས་བཀོལ་སྤྱོད་བྱང་ཆུབ་པོ་བྱེད་ཐུབ་ལ། གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲའན་ཤིས་ཞིང་ཆེན་ཝེ་ནན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་དགེ་རྒྱས་རྫོང་དུ་ཆེད་དོན་རྩལ་ནུས་གསོ་སྦྱོང་ཐེངས་5བྱས་པ་དང་། རིམ་རྩིས་བརྒྱབ་ན་གཞི་རིམ་གྱི་སྨན་པ་མི་ཐེངས་100ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།