དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་གཞོན་ནུ་ཁེ་ལས་པའི་ཚོང་ཚོགས་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-17

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཆུ་རག་གླིང་སྡེ་ཁུལ་གྱི་གདན་ཞུས་ལྟར་བོད་ལྗོངས་གཞོན་ནུ་ཁེ་ལས་པའི་ཚོང་ཚོགས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་བཀྲ་ཤིས(འགྱུར་མིང)ལ་རོགས་སྐྱོར་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོབ་ལས་དོན་ལ་ཞུགས་པར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བཀྲ་ཤིས་ཀྱི་ཁྱིམ་དུ་ནང་མི་ལྔ་ཡོད་པ་དག་ཁང་པ་གླས་ནས་བསྡད་ཡོད། ད་ལོའི་ཟླ་4པར། ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་པའི་བཀྲ་ཤིས་ཀྱི་ཁྱོ་བོར་ནད་ལྕི་པོ་ཕོག་ནས་སྨན་རིན་ལ་སྒོར་ཁྲི་10ལྷག་ཙམ་བཏང་བ་དང་། རྗེས་མའི་འགྲོ་སོང་དེ་བས་ཆེ་བ་ཡོད། བཀྲ་ཤིས་ཀྱང་ཁྲག་ཤེད་མཐོ་བའི་དབང་གིས་ཡུན་རིང་སྨན་གཏོང་དགོས་སྟབས་དཀའ་ངལ་ཤིན་ཏུ་ཆེ། ད་དུང་ཕྲུ་གུ་གསུམ་པོ་སློབ་ཆུང་དང་། སློབ་འབྲིང་། བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པས། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། བོད་ལྗོངས་གཞོན་ནུ་ཁེ་ལས་པའི་ཚོང་ཚོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས་རོགས་སྐྱོར་ཇུས་གཞི་བཟོས་པ་སྟེ། ཁོངས་མིའི་ཚན་པ་སྐུལ་སློང་བྱས་ནས་ཞལ་འདེབས་བསྡུས་ཏེ་ཆེད་དངུལ་དེ་ཁྱོ་བོའི་རྗེས་མཐུད་སྨན་བཅོས་ཐད་སྤྱོད་རྒྱུ་དང་། ལྷ་ས་གྲོང་ཁྱེར་གཞོན་ནུ་ཁེ་ལས་པའི་ཚོང་ཚོགས་ཀྱིས་སྣེ་ཁྲིད་ནས་ཕྲུ་གུ་གསུམ་ལ་ཡུན་རིང་སློབ་གསོའི་རོགས་སྐྱོར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།