ཡོང་འབབ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་དམངས་འཚོའི་གཏོང་སྒོའི་བསྡུར་ཚད་80%ལྷག་ཙམ་ཟིན་པ།
ལྷ་ས་གྲོང་ཁྱེར་གྱི་2025ལོའི་ལོ་སྟོད་ཀྱི་ནོར་སྲིད་གཏོང་ཡོང་བརྟན་ཐོག་ཡར་འཕེལ་བྱུང་བ།
ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2025ལོའི་ལོ་སྟོད་ཀྱི་ནོར་སྲིད་གཏོང་ཡོང་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོང་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་72.87ཟིན་པ་དེ་དུས་མཚུངས་ལས་8.17%འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་267.29 ཟིན་པ་དེ་དུས་མཚུངས་ལས་7.47%འཕར་ཏེ། ནོར་སྲིད་གཏོང་ཡོང་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཡོང་འབབ་ཀྱི་གཞི་ཁྱོན་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ། གཏོང་སྒོའི་འཕེལ་རིམ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས་དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོར་འགན་ལེན་ནུས་ལྡན་ཐུབ་ཡོད།
སྤྱི་ཡོངས་ནས་བལྟས་ན། ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་ཡོང་འབབ་ཀྱི་གཞི་རྒྱ་དུས་ཡུན་རིང་པོའི་ནང་ཨང་དང་པོར་སླེབས་པ་དང་། ཡོང་འབབ་ཀྱི་གྲུབ་ཆ་རིམ་གྱིས་ལེགས་སུ་འགྲོ་བཞིན་ཡོད། 2025ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་72.87བྱུང་བ་དང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་66.15ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡུར་ཚད་ཀྱི་43.4%བཟུང་བས། ཡོང་འབབ་བསྡོམས་འབོར་དེ་བྱིངས་ཀྱི་གྲོང་ཁྱེར(ས་ཁུལ)6གི་ཡོང་འབབ་བསྡོམས་འབོར་ལས་སྒོར་དུང་ཕྱུར་8.42ཀྱིས་མང་བ་ཡོད།
འབྲེལ་ཡོད་གསར་འགྱུར།