མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཕན་པ་ཐོབ་པར་བྱས་པ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁྲལ་དོན་ཅུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་རྫོང་ཁོངས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་གནད་སྨིན་ཁྲལ་གྲོན་ལ་བརྟེན་ནས“གནད་སྨིན་གྱི་ཐིགས་ཆུ་འདྲེན་པའི”ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཞབས་འདེགས་ཞུས་ཏེ་གྲོང་གསེབ་འཕེལ་རྒྱས་ཆེད“ཐོན་ལས་དར་བ་དང་། ཞིང་པ་ཕྱུག་པོ་ཆགས་པ། གྲོང་གསེབ་མཛེས་སྡུག་ལྡན་པ”བཅས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་གི་ལེའུ་གསར་པ་བརྩམས་ཡོད།
ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཐད། སྤུ་ཧྲེང་རྫོང་ཁྲལ་དོན་ཅུས་ཀྱི་ལས་དོན་པ་སྤུ་ཧྲེང་ཞི་བདེ་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སིར་བསྐྱོད་ནས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཆུ་འཐག་རྩམ་པ་དང་རྩམ་པའི་མེན་པའོ་སོགས་ཁྱད་ལྡན་ཐོན་རྫས་ལ་དམིགས་ཏེ“ངོ་ཐུག་གདོང་འཕྲད”ཀྱིས་སྲིད་ཇུས་སྒྲོག་འགྲེལ་དང“གཅིག་གཏད་གཅིག”གིས་ཁྲལ་འཇལ་ཟུར་ཁྲིད་བྱས་ནས། མ་བཅོས་རྒྱུ་ཆ་ཉོ་སྒྲུབ་བྱེད་པ་ནས་མཐའ་སྣེའི་ཕྱིར་ཚོང་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ཁྲལ་གྲོན་གྱི་གཙོ་གནད་ལ་གསེད་བཀྲོལ་ཞིབ་ཕྲ་དང་ཁེ་ལས་ཀྱིས་ཐོག་མའི་ཞིང་ལས་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་ལྷུ་ཚིགས་ཀྱི་ཁྲལ་བསྡུའི་སྲིད་ཇུས་ཁོང་དུ་གསལ་པོ་ཆུད་པའི་འགན་ལེན་བྱས་ཏེ་ཁེ་ལས་ལས་འགོ་ཡག་པོ་ཚུགས་རྒྱུར་རམ་འདེགས་བྱས་ཡོད།
ནས་ཀྱི་ཞིང་ཁ་ནས་ལས་སྣོན་འཁོར་ཁང་བར་དང་། ཐོན་སྐྱེད་ནས་སིལ་ཚོང་བར། སྤུ་ཧྲེང་རྫོང་ཁྲལ་དོན་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ“ཐོན་ལས་ཀྱི་དགོས་མཁོ”སྟོན་ཕྱོགས་སུ་བྱས་ནས་ཁྲལ་བསྡུའི་ཞབས་ཞུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་རིམ་ཧྲིལ་པོར་ཁྱབ་ཐུབ་པར་བྱས་ཡོད། གོམ་སྟབས་རྗེས་མར། ཅུས་དེས“ཁྲལ་དོན་དང་ཞིང་ལས་མཉམ་འགུལ”དང“ཁྲལ་དོན་དང་ཁེ་ལས་མཐུན་སྦྱོར”གྱི་ལམ་སྲོལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་སྲིད་ཇུས་ཀྱི་ཁེ་འབབ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་གནད་སྨིན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་དངོས་དངོས་རྗེན་རྗེན་གྱི“ཁྲལ་བསྡུའི་སྟོབས་ཤུགས”ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དེ་བས་དར་བ་དང་། ཞིང་འབྲོག་པའི་འཚོ་བ་དེ་བས་སྐྱིད་པ། གྲོང་གསེབ་འཕེལ་རྒྱས་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།