ཟླ་བ་བདུན་པར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་6.7%འཕར་བ།
འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། ཟླ་བ་བདུན་པའི་ནང་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.91ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བ་དང་འཕར་ཚད་ཟླ་བ་དྲུག་པ་ལས་བརྒྱ་ཆའི་གྲངས་1.5མགྱོགས་སུ་ཕྱིན་ནས་ལོའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.31ཟིན་པ་དེ་དུས་མཚུངས་ལས་8%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.6ཟིན་པ་དེ་དུས་མཚུངས་ལས་4.8%འཕར་ཡོད། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་25.7ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཡོད་པ་རེད།
ཚོང་དོན་གྱི་རྣམ་པའི་ཐད་ནས་བལྟས་ན། ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་16.44ཟིན་ནས་2.1%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་64%བཟུང་ཡོད། དེ་དང་དུས་མཚུངས་ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.6ཟིན་ནས་6.3%འཕར་ཡོད་པ་རེད།
ཚོང་དོན་རོགས་ཟླ་ནས་བལྟས་ན། ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.29ཟིན་ནས་9.4%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་16.7%བཟུང་ཡོད། རང་རྒྱལ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.35ཟིན་ནས་3.9%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་13%བཟུང་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ཁག་ལ་ཕྱིར་གཏོང་ནང་འདྲེན་བྱས་ཚད་ཁྱོན་བསྡོམས་སྒོར་དུང་ཕྱུར་ཁྲི་13.29ཟིན་ནས་5.5%འཕར་ཡོད་པ་རེད།
གཉེར་སྐྱོང་བྱེད་པོའི་ནས་བལྟས་ན། ཟླ་བ་དང་པོ་ནས་བདུན་པའི་བར་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་14.68ཟིན་ནས་7.4%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་57.1%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.1འཕར་ཡོད། དེ་དང་དུས་མཚུངས་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.46ཟིན་ནས་2.6%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་29%བཟུང་ཡོད་པ་རེད།
ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་སྣ་ག་ནས་བལྟས་ན། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱིས་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱས་ཚད་སྒོར་དུང་ཕྱུར་ཁྲི་9.18ཟིན་ནས་9.3%འཕར་བ་དེས་རང་རྒྱལ་གྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་60%བཟུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།