ས་གནས་ཁག་དང་སྡེ་ཚན་ཁག་གིས“འཕྲལ་དུ་བཅོས་སྒྲིག”དང“ཕུགས་ཕན་ལམ་ལུགས་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ།
སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
“སྔོན་ཆད། ལས་ཀའི་ཚོགས་པ་སྣ་ཚོགས་ནང་བརྡ་ཐོ་གཅིག་རྗེས་གཉིས་མཐུད་ངང་འབྱོར་གྱི་ཡོད་པ་དང་། ད་ཆ། ལས་ཀའི་ཚོགས་པ་ཁག་གསལ་གསལ་ཐིང་ཐིང་རེད། ཚང་མས་ལས་ཀའི་མྱུར་ཚད་ལ་གྲོས་བསྡུར་བྱེད་པར་དེ་བས་དགའ་པོ་བྱེད་ཀྱི་ཡོད་ལ། བཤད་པ་ཚང་མ་གནད་དོན་དངོས་ཤ་སྟག་རེད”ཅེས་ཉེ་དུས་ཀྱི་ལས་ཀའི་འགྱུར་ལྡོག་སྐོར་གླེང་སྐབས། ཐེན་ཅིན་གྲོང་ཁྱེར་ཧོ་ཏུང་ཆུས་ཤང་དབྱང་ལོའུ་ཁྲོམ་གཞུང་ཚུའེ་ཡུན་ལི་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་གཡན་ཕིང་གིས་བརྗོད།
ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཞིང་། ཧོ་ཏུང་ཆུས་ཀྱིས་གཞི་རིམ་ལ་མཐུན་རྐྱེན་སྦྱོར་བའི་བྱེད་ཐབས་ཁག་10དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ཁག་10བཟོས་པ་དང་། 《ཧོ་ཏུང་ཆུས་ཀྱི་ཆུས་རིམ་པའི་2025ལོའི་སྡེ་ཁུལ་རྩ་འཛུགས་ཀྱི་ཁྲིམས་ལྟར་གཞོགས་འདེགས་བྱེད་པའི་ལས་འགན་འཆར་གཞིའི་གསལ་ཐོ》བཀྲམ་ནས། སྡེ་ཁུལ་གྱི་ལས་དོན་ལ་ཚད་གཞི་ཁ་གསལ་གཏན་འཁེལ་བྱས་ཏེ། གཞི་རིམ་ལས་བྱེད་པས“གོང་འབུལ་རེའུ་མིག་ཉུང་དུ་དང་ཚོགས་འདུ་ཐུང་དུ་ཕྱིན་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་དུས་ཚོད་མང་དུ་ཕྱིན་པའི”མྱོང་ཚོར་ཟབ་མོ་ཐུབ་པར་བྱས་ཡོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཞིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས“འཕྲལ་དུ་བཅོས་སྒྲིག”དང“ཕུགས་ཕན་ལམ་ལུགས་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས《དཔེ་བཟང་ལས་ཁུངས་དང་། དཔེ་དམག་ཚན་པ། སྔོན་ཐོན་ཚན་པ་བཅས་འཛུགས་གཏོད་ཀྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་ཐབས》བཟོ་བཅོས་བརྒྱབ་སྟེ། “ལས་ཁུངས་ཀྱི་གོམས་སྲོལ་ངན་པ”དང“དཔོན་ཉམས”ཁྱད་བསད་བྱེད་དགོས་པ་སོགས་ཀྱི་བླང་བྱ་དེའི་ནང་བཅུག་པ་རེད། 《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་སློབ་སྦྱོང་སྒྲིག་སྲོལ》གཏན་འབེབས་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞོན་ནུ་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཏང་གཤིས་ལ་ཞུན་བརྡར། གཞི་རིམ་གྱི་ལག་ལེན་བཅས་སློབ་ཚན་གསུམ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་12368གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར“དམངས་སེམས་ཐད་སྦྲེལ་ཁ་པར”དང“སྤྱི་ཁྱབ་ཚོང་ཞབས་པའི”ནུས་པ་གང་ལེགས་བཏོན་ཏེ། ཐད་སྦྲེལ་ཁ་པར་ལས་ཐོའི་གདུབ་ཟུམ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། འབྲེལ་ཡོད་སྡེ་ཚན་དང་འོག་རིམ་ཁྲིམས་ཁང་དང་མཐུན་སྦྱོར་མཉམ་འགུལ་བྱས་ནས་མང་ཚོགས་ཀྱི་གཏུག་བཤེར་རེ་ཞུ་དང་ལེན་མགྱོགས་པོ་དང་ཚུར་ལན་ཡོད་པར་བྱས་པ་མ་ཟད། “གྱོད་དོན་ཐོ་འགོད་མི་བྱེད་པའི”ཞུ་གཏུག་ཐབས་ལམ་ཤར་གཏོང་བྱས་ཏེ། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི“གྱོད་དོན་ཐོ་འགོད་མི་བྱེད་པའི”གནད་དོན་སྣ་ཚོགས་རེ་རེ་བཞིན་སྒྲུབ་སྐུལ་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། མང་ཚོགས་ཀྱི་གཏུག་བཤེར་རེ་ཞུར“བརྡ་ལན་ཨང་དང་པོ་ཡོད་པ་དང་གཏུག་བཤེར་རེ་ཞུ་དང་ལེན་བྱས་ནས་འཕྲལ་དུ་ཐག་གཅོད”བྱས་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཡིག་ཆ་བཟོས་ནས་བཀྲམ་སྟེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཅིག་གྱུར་རང་བཞིན་གྱི་དཔྱད་དཔོག་བྱས་པ་དང་། ཡིག་ཆ་ཁུ་བསྡུ་དང་། ཚོགས་འདུ་ཁུ་བསྡུ། ལྟ་ཞིབ་ཞིབ་བཤེར་དཔྱད་ཞིབ། དཔེ་སྟོན་བྱེད་སྒོ་འཛུགས་གཏོད། དཔྱད་བསྡུར་གཟེངས་བསྟོད་རྣམ་གྲངས་བཅས་ཀྱི“བཀག་རྒྱ་གསལ་ཐོ་ཁག་ལྔ”ལག་བསྟར་བྱས་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་ཞིབ་བཅས་དོན་ཚན་གྱི“གསལ་ཡིག”བཟོས་པ་དང་། བརྟག་དཔྱད་ཞིབ་འཇུག་ལས་དོན་དོ་དམ་དང་འགྲེམས་ཚོགས་དང་གླེང་སྟེགས་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་འབྲེལ་ཡོད་ལམ་ལུགས་བཏོན་ནས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད་པ་རེད།
རྒྱལ་ཁབ་བདེ་འཇགས་པུའུ་ཡིས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག གཏིང་ཟབ་དང་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། གནད་སྨིན་ཤུགས་འདོན་གྱིས་བཅོས་སྒྲིག་བྱེད་པ། རྒྱུན་གཏན་ནས་བཅོས་སྒྲིག་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་མངོན་གསལ་དོད་དུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་གི་འབྲེལ་ཡོད་ལམ་ལུགས་རབ་དང་རིམ་པར་བཟོ་བཅོས་བརྒྱབ་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ལམ་སྲོལ་དང་ལྟ་ཞིབ་ས་ཚིགས་10བཙུགས་པ། ངན་རུལ་མཉམ་བཤེར་དང་མཉམ་བཅོས་ཀྱི་གནད་དོན་ལ་བརྟག་ཞིབ་བྱེད་པར་སྐུལ་འདེད་བཏང་ཡོད།
“གནད་དོན་གཅིག་ཐག་གཅོད་བྱེད་པ”ནས“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི”བར་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུན་རིང་གི་སྒུལ་ཤུགས་སུ་བསྒྱུར་ཡོད།
ཉིན་ཤས་གོང་། ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་གྱི་སློབ་གྲྭའི་ཟ་ཁང་ལ་དམིགས་འཛུགས་ཚོང་ཟོག་མཁོ་འདོན་བྱེད་མཁན་ཁེ་ལས་གཉིས་མིང་ཐོ་ནག་པོའི་ནང་བཅུག་ཡོད། དེ་ནི་ས་གནས་དེ་གས《མཁོ་འདོན་ཚོང་པའི་ཡིད་རྟོན་གདེང་འཇོག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལག་བསྟར་བྱས་རྗེས་སྒྲིག་འགལ་ཁེ་ལས་ལ་བྱང་བུ་དམར་པོ་སྟོན་ཐེངས་དང་པོ་རེད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཅིའུ་ཅང་གྲོང་ཁྱེར་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་བཟའ་བཅའི་གྲོན་དངུལ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ཆེད་དོན་བཅོས་སྒྲིག་བྱས་ནས་ཉོ་སྒྲུབ་དང་། དོ་དམ། ལྟ་སྐུལ། ཞབས་ཞུ། གདེང་འཇོག་སོགས་གཅིག་ལ་གཅིག་འབྲེལ་གྱི་བཅོས་སྐྱོང་བྱེད་སྟངས་ནུས་ཤུགས་ཡོད་རྒུས་བཏོད་ནས་སློབ་མར་བདེ་འཇགས་ཟ་མ་ཟ་རྒྱུ་ཡོད་པ་ནས་འཚོ་བཅུད་ལྡན་པའི་ཟ་མ་ཟ་རྒྱུ་ཡོད་པའི་བར་དང་། ཚད་ལྡན་དོ་དམ་བྱེད་པ་ནས་ཞབས་ཞུ་ལེགས་སུ་གཏོང་བའི་བར། གནད་དོན་བཅོས་སྒྲིག་བྱེད་པ་ནས་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་བར་ལ་སྒྱུར་བར་སྐུལ་འདེད་བཏང་ཡོད།
སློབ་སྦྱོང་སློབ་གསོ་སྤེལ་ཚུན་དུ། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧྭ་ཏུའུ་ཆུས་ཀྱིས“ལས་དོན་ཁང་ཨང་10པ”ཞེས་པའི་མང་ཚོགས་དང་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཟླ་རེའི་ཚེས་10ཉིན་མོ་གཅིག་སྡུད་ཞབས་འདེགས་ཞུ་བའི་ཉིན་མོར་བརྩིས་ནས་དམངས་ཀྱི་བསམ་འཆར་དང་ལེན་དང་བཅར་འདྲི་བརྟག་ཞིབ་སྒྲིག་འཛུགས་བྱས་ཡོད། དེས་མ་ཟད་ཆུས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་སྤྱི་ཚོགས་ཐོག་གི་སེམས་རྩ་འཁོལ་བའི་ཁེ་ལས་སྐུལ་སློང་གིས་མཉམ་དུ་ནུས་ཤུགས་བཏོན་ནས་ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་ལུའོ་ཤན་གྲོང་ཚོར་ཉི་ནུས་ལམ་སྒྲོན་གསར་པ་60སྒྲིག་སྦྱོར་བྱས་པ་རེད།
ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་གྱིས་བཤེར་འདོན་གཏིང་ཟབ་བྱས་པ་ལས་ཤེས་རྟོགས་བྱུང་བའི་དོ་དམ་ཐད་ཀྱི་སྐྱོན་ཆར་དམིགས་ཏེ། 《ཏང་ཡོན་ལས་བྱེད་པའི“ཆུ་ཚོད་བརྒྱད་ཕུད་པའི”བྱེད་སྒོར་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱེད་ཐབས》བཟོས་པ་དང་། འགྲོ་འོང་གི་འཁོར་རྒྱ་དང་། འཚོ་བའི་འཁོར་རྒྱ། རོལ་རྩེད་ཀྱི་འཁོར་རྒྱ་བཅས་ཕྱོགས་གསུམ་ཐད་ཁྱོན་བཀག་རྒྱ་གསལ་ཐོ་30བཟོས་ཏེ། གཙོ་གནད་ལྟ་སྐུལ་བྱེད་སྤྱོད་ཁ་གསལ་བཟོས་པ་བརྒྱུད་ཏང་ཡོན་ལས་བྱེད་པའི“ཆུ་ཚོད་བརྒྱད་ཕུད་པའི”བྱེད་སྒོར་དམར་ཐིག་ཁ་གསལ་བཟོས་པ་རེད།
འབྲེལ་ཡོད་གསར་འགྱུར།