དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དོ་དམ་བྱེད་ཐབས》བཟོ་བཅོས་བརྒྱབ་ནས་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དོ་དམ་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་ཆེད། ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས《སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་ནས་བཀྲམ་པ་རེད།

    བྱ་ཐབས་ནང་གི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ཞེས་པ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་པའི་སྒྱུར་སྤྲོད་མ་དངུལ་ལ་ཟེར།

    བྱ་ཐབས་ནང་ཁ་གསལ་བསྟན་དོན། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ནི་ནོར་སྲིད་པུས་སློབ་གསོ་པུའུ་དང་མཉམ་དུ་དོ་དམ་བྱ་རྒྱུ་དང་། ད་ལྟའི་དུས་མཚམས་སུ་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཙོ་བོ་གཤམ་གསལ་གྱི་ཕྱོགས་གཉིས་ལ་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་དང་། གཉིས་ནི་སློབ་ཞུགས་གོང་གི་སློབ་གསོའི་བྱིས་གསོའི་གྲོན་དངུལ་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྤྱོད་རྒྱུ་རེད།

    སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དེ་རྒྱུ་རྐྱེན་གྱི་བྱ་ཐབས་ལ་གཞིགས་ནས་བགོ་རྒྱུ་ཡིན་ཞིང་། ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དང་སློབ་ཞུགས་གོང་གི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་འབྲེལ་ཡོད་ཀྱི་བགོ་བཤའི་རྒྱུ་རྐྱེན་དང་། དབང་ཚད། རྩིས་རྒྱག་སྤྱི་འགྲོས་སོགས་བབ་བསྟུན་ལེགས་སྒྲིག་གིས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།