དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་ནུས་སོན་གསོའི་འཕྲུལ་མི་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-16

    ཀྲུང་གོ་ཚན་རིག་ཁང་རྒྱུད་འཛིན་དང་སྐྱེ་འཚར་སྐྱེ་དངོས་རིག་པ་ཞིབ་འཇུག་ཁང་གི་རིག་ནུས་ས་བོན་འདེབས་གསོའི་འགག་སྒྲོལ་ཚོགས་པས་སྐྱེ་དངོས་ལག་རྩལ་དང་མི་ཐབས་རིག་ནུས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ལོ་ཏོག་དང་འཕྲུལ་མིའི་མཉམ་སྒྲུབ་འཆར་འགོད་བསམ་གཞི་བཏོན་ནས་རྒྱུད་འདྲེས་ཟེའུ་འབྲུ་སྡེབ་སྦྱོར་ལ་རང་འགུལ་སྐོར་ཞིབ་བྱེད་ཐུབ་པའི་རིག་ནུས་ས་བོན་འདེབས་གསོའི་འཕྲུལ་མི་བདེ་བླག་ངང་བཟོ་ཐུབ་ཡོད་ཅིང་། ས་བོན་འདེབས་གསོའི་འཕྲུལ་མི་དེས་རྒྱུད་འདྲེས་ས་བོན་གསོ་བ་དང་ས་བོན་འདེབས་གསོའི་འགག་གནད་བསལ་ཏེ། ས་བོན་འདེབས་གསོའི་མ་གནས་ཆུང་དུ་ཤུགས་ཆེན་གཏོང་བ་དང་། ས་བོན་འདེབས་གསོའི་དུས་འཁོར་ཐུང་དུ་གཏོང་བ། ས་བོན་འདེབས་གསོའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་ཐུབ་ཡོད། འདི་ནི་རིག་ནུས་ས་བོན་འདེབས་གསོའི་འཕྲུལ་མིས་དྲོད་ཁང་ནང་རྒྱུད་འདྲེས་ཟེའུ་འབྲུ་སྡེབ་སྦྱོར་ལ་རང་འགུལ་སྐོར་ཞིབ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།