ད་ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་རྒྱབ་སྐྱོར་སྒྲིག་ཆས་གསར་སྒྱུར་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1880སྤྲད་ཟིན་པ།
ད་ལོ་ཚུན་དུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་དང་མཉམ་དུ་སྒྲིག་ཆས་གསར་སྒྱུར་གྱི་རྒྱབ་སྐྱོར་ཁྱབ་ཁོངས་ལེགས་སུ་གཏོང་བ་དང་། རྣམ་གྲངས་འདུན་ཞུའི་ཞིབ་དཔྱད་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་གདམ་གསེས་དང་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱིས་སྒྲིག་ཆས་གསར་སྒྱུར་བྱེད་པར་སྐུལ་འདེད་བཏང་ཡོད། ཉེ་ཆར། 2025ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་རྒྱབ་སྐྱོར་སྒྲིག་ཆས་གསར་སྒྱུར་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1880སྤྲད་ཟིན་ཞིང་། བཟོ་ལས་དང་། ནུས་སྤྱོད་སྒྲིག་ཆས། ནུས་རྒྱུའི་གློག་ཤུགས། འགྲིམ་འགྲུལ་སྐྱེལ་འདྲེན། ཟོག་འགྲེམས། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད། སློབ་གསོ། རིག་གནས་དང་ཡུལ་སྐོར། སྨན་བཅོས། སྡོད་ཁང་གི་གློག་སྐས་རྙིང་པ། གློག་རྡུལ་ཆ་འཕྲིན། སྒྲིག་བཀོད་ཞིང་ལས། བཟའ་སྣུམ་ལས་སྣོན། བདེ་འཇགས་ཐོན་སྐྱེད། ཚུར་བསྡུ་འཁོར་རྒྱུག་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་8400ཙམ་ལ་རྒྱབ་སྐྱོར་བྱས་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།