ཀུན་ཕན་ཞིང་འབྲེལ་དངུལ་བུན་གཏོང་ཚད་མགྱོགས་མྱུར་འཕར་བ།
གསར་འགོད་པར་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཀུན་ཕན་ཞིང་འབྲེལ་དངུལ་བུན་དང་འབྲུ་རིགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་བུན་གཏོང་ཚད་ཚང་མ་འཕར་མགྱོགས་པོ་ཡོད་པ་རྒྱུན་འཁྱོངས་ཐུབ་ནས་སྐྱེད་ཚད་མུ་མཐུད་ཆག་ཡོད་པ་རེད།
ཟླ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཀུན་ཕན་ཞིང་འབྲེལ་དངུལ་བུན་གྱི་ལྷག་དངུལ་སྒོར་དུང་ཕྱུར་ཁྲི་13.94ཟིན་པ་དེ་ལོ་འགོ་ལས་8.34%འཕར་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་བུན་གྱི་ལྷག་དངུལ་སྒོར་དུང་ཕྱུར་ཁྲི་5.1ཟིན་པ་དེ་ལོ་འགོ་ལས་13.5%འཕར་ཡོད། ད་ལོའི་ཟླ་བ་དང་པོ་ནས་ཟླ་དྲུག་པའི་བར་རྒྱལ་ཡོངས་སུ་གསར་དུ་བཏང་བའི་ཀུན་ཕན་ཞིང་འབྲེལ་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.61ཆག་ནས་མུ་མཐུད་ཆག་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད།
དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཞིང་གསུམ”གྱི་དངུལ་རྩའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་དང་། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས། གྲོང་གསེབ་འཛུགས་སྐྲུན་སོགས“ཞིང་གསུམ”གྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དངུལ་རྩའི་མཁོ་སྤྲོད་མུ་མཐུད་ཆེ་རུ་གཏོང་བ་དང་། དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།