དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གློག་སྒུལ་རྐྱང་པའི་འདྲུད་གྲུའི་རུ་ཁག་ཐེན་ཅིན་དུ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-16

    འདི་ནི་གྲུ་ཁར་ཁ་བཀག་པའི་གློག་སྒུལ་རྐྱང་པའི་གྲུ་ཁའི་ལས་སྒྲུབ་འདྲུད་གྲུ་ཡིན་པ། ཟླ་8ཚེས་13ཉིན། གློག་སྒུལ་རྐྱང་པའི་གྲུ་ཁའི་ལས་སྒྲུབ་འདྲུད་གྲུ་ཐེན་ཅིན་གྲུ་ཁ་ནས་ཐོན་ཞིང་། མིག་སྔར་འདྲུད་གྲུ་བཞི་པོ་དེ་དག་གིས་རང་རྒྱལ་བྱང་རྒྱུད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་སྒུལ་རྐྱང་པའི་འདྲུད་གྲུའི་རུ་ཁག་བཙུགས་པ་དང་། གཙོ་བོ་ཐེན་ཅིན་གྲུ་ཁའི་ཆུ་ཁོངས་སུ་གྲུ་གཟིངས་གཞན་དག་གྲུ་ཁ་ནས་འགྲོ་འོང་བྱེད་པ་དང་གྲུ་ཁར་སྡོད་སྐབས་དང་ཁ་བྲལ་སྐབས་ཀྱི་ལས་ཀར་གཞོགས་འདེགས་བྱེད་པར་སྤྱོད་རྒྱུ་རེད། སྲོལ་རྒྱུན་གྱི་སྣུམ་བླུགས་འདྲུད་གྲུ་དང་བསྡུར་ན་གློག་སྒུལ་འདྲུད་གྲུས་རླངས་པ་མི་འབུད་པ་དང་སྐད་སྒྲ་མེད་པའི་སྒོ་ནས་འཁོར་སྐྱོད་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།