དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁ་གཉེར་སྐྱོང་བྱས་པའི་ཟླ་བ་དང་པོར་སྐྱེལ་འདྲེན་མེ་འཁོར་100ལྷག་ཙམ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-16

    ཀྲེ་ཅང་ཅིན་ཧྭ་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁ་ཟླ་6ཚེས་27ཉིན་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་བཟུང་། ཐབས་མང་མཉམ་སྤྱོད་ཀྱིས་དབྱི་ཝུའུ་ནས་ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁ་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་མཚོ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་ལས་སྒོའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ་རེད། ཟླ་7ཚེས་31ཉིན་བར་ལྟེ་བའི་གྲུ་ཁ་ནས་སྐྱེལ་འདྲེན་མེ་འཁོར་100ལྷག་ཙམ་བཏང་ནས་རྒྱུན་རྣམ་ཅན་དང་གཞི་ཁྱོན་ཅན་གྱི་འཁོར་སྐྱོད་རྣམ་པ་ཞིག་ཆགས་ཡོད། འདི་ནི་ཟླ་8ཚེས་13ཉིན། ཀྲེ་ཅང་ཅིན་ཧྭ་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁའི་ལས་སྒྲུབ་ས་ཚིགས་སུ་མཚོ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་མེ་འཁོར་ལ་དོས་སྒམ་བླུགས་ནས་ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁར་གཏོང་རྩིས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།