ལེའུ་ལྔ་ཡོད་པའི་4Kཡི་དངོས་མཚོན་པར་གཞི《བོད་ལྗོངས། སྐར་ཚོམ་འོག་གི་གཏམ་རྒྱུད》བསྟན་པ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བཏོན་པ། བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྲིག་བཟོ་ལྟེ་གནས་ཀྱིས་འབེབས་བཟོ་བྱས་པའི་གསར་གཏོད་རང་བཞིན་དང་དོན་སྙིང་གཏིང་ཟབ་ལྡན་པའི་ལེའུ་ལྔ་ཡོད་པའི་4Kཡི་བོད་ཀྱི་ལོ་རྒྱུས་དང་མི་ཆོས་རིག་གནས་མངོན་པའི་དངོས་མཚོན་པར་གཞི《བོད་ལྗོངས། སྐར་ཚོམ་འོག་གི་གཏམ་རྒྱུད》 ཉིན་ཤས་བསྟུད་མར་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་ཤེལ་ཆེ་ཆུང་སྣ་ཚོགས་ཀྱི་ལས་སྟེགས་ཡོངས་ནས་བསྟན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། པར་གཞི་དེས་བོད་ཀྱི་སྐར་ཚོགས་བཀྲ་བའི་མཁའ་དབྱིངས་ཁུངས་སྣེར་བྱས་ནས་མི་དཀྱུས་མའི་གཏམ་རྒྱུད་བརྗོད་པ་བརྒྱུད། ཟུར་བལྟས་ལེབ་མཐོང་ཚུལ་དུ་ལོ་རྒྱུས་དང་། མི་ཆོས་རིག་གནས། འཕེལ་རྒྱས། བརྟན་ལྷིང་། སྐྱེ་ཁམས་སོགས་ཐད་བོད་ལ་ཐོབ་པའི་གྲུབ་འབྲས་མངོན་པར་བྱས་ཏེ། ལྟད་མོ་བ་ཚོར་རྣམ་པ་གཞན་ཞིག་གི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།