དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ཁྲལ་བསྡུའི་སྒྱུར་བཅོས་འཕེལ་རྒྱས་ལ་ཕན་འབྲས་ཡག་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-16

    ཚེས་14ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“བགྲང་བྱ་དྲུག་ཅུའི་རིང་གངས་ལྗོངས་ས་མཐོར་ཁྲལ་བསྡུའི་སྲིད་བཟང་གི་ཕན་པ་ཐོབ། འབད་འབུངས་མདུན་སྐྱོད་ཀྱིས་རྒྱང་ལམ་གསར་པར་སྐྱོད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་ངོ་60ཡི་རིང་། བོད་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱི་གཞི་ཁྱོན་བརྟན་པོ་འཕར་བ་དང་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་དུས་ཁྲལ་བསྡུའི་ཡོང་འབབ་ནི་སྒོར་ཁྲི་སྟོང་ཟིན་ཙམ་ཡིན། 1994ལོར་སྒོར་དུང་ཕྱུར་2ཀྱི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་འཕར་ཞིང་། རིམ་རྩིས་བརྒྱབ་ན། ཁྲལ་དངུལ་བསྡུས་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་3100ལས་བརྒལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་ནོར་ཤུགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་བསྡུ་དཔལ་འབྱོར་དབྱེ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲོའུ་ཡོན་ཁྲའོ་ཡིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཁྲལ་དོན་ཅུས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར། ལྗོངས་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ལས་དང་། ཡུལ་སྐོར་ཐོན་ལས། ལྗང་མདོག་འཕེལ་རྒྱས་ཐོན་ལས་བཅས་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

    གླེང་རིན་ཡོད་པ་ཞིག་ནི། རང་ལྗོངས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་་མྱུར་པོ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ལོ་རེར་ཆ་སྙོམས་བྱས་ན་10.8%འཕར་བ་དང་། གསར་གཏོད་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་ཆེན་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཉེ་བ་ལོ་ཤས་རིང་། བོད་ལྗོངས་ཁྲལ་དོན་གྱིས་ཁྲལ་གྲོན་བསྡུ་བ་དང་དོ་དམ་གྱི་གྲངས་འཛིན་ཅན་རིམ་སྤོར་དང་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ས་ཡུལ་དངོས་ནས་སྒྲུབ་པ་ནས་དྲ་ཐོག་ཏུ་སྒྲུབ་པ་དང་། མི་ཐབས་ཀྱིས་སྒྲུབ་པ་ནས་རང་འགུལ་ངང་སྒྲུབ་པ། ཁ་ཐོར་དུ་སྒྲུབ་པ་ནས་མཉམ་རུབ་སྒྲུབ་པ་བཅས་བར་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་དམིགས་ཏེ། བོད་ལྗོངས་ཁྲལ་དོན་གྱིས་ཁྲལ་དོན་སྒྲུབ་པ་དང་གྲོན་དངུལ་འཇལ་བའི་ཞབས་ཞུ་ཞིབ་ཚགས་ཅན་དང་། རིག་ནུས་ཅན། རང་གཤིས་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”དམ་པོར་དམིགས་ཏེ། “རིག་ནུས་ལས་འགོ་འཛུགས་པ”དང“རང་འགུལ་ཁྲལ་དངུལ་རྩིས་རྒྱག”སོགས་ཀྱི་ལས་སྒོའི་སྒྲུབ་གཉེར་རྣམ་པ་ཕྱོགས་བསྡུས་ཐོག་བཏོན་པས། ཁྲལ་དོན་སྒྲུབ་པ་དང་གྲོན་དངུལ་འཇལ་བའི་ལས་སྒོ་90%སྐར་མ་གསུམ་གྱི་ནང་སྒྲུབ་ཐུབ་པ་དང་། ཁྲལ་འཇལ་མཁན་70%ཡིས་མཐེབ་གཅིག་གནོན་པའམ་ཆ་འཕྲིན་ཉུང་ཤས་གསབ་རྗེས་ཁྲལ་འཇལ་ཞུ་འབུལ་བྱེད་ཆོག

    དེ་དང་དུས་མཚུངས། བོད་ལྗོངས་ཁྲལ་དོན་གྱིས“དམངས་ཕན་ཁྲལ་དོན་སྒྲུབ་པའི་དཔྱིད་རླུང་བྱ་སྤྱོད”རྒྱུན་མཐུད་གཏིབ་ཟབ་སྤེལ་ཏེ། ལྗོངས་ཡོངས་ཀྱི་ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་ལ་བརྒྱུད་རིམ་དེ་བས་སྟབས་བདེ་བ་དང་། དུས་ཚོད་དེ་བས་ཐུང་བ། མྱོང་རོལ་དེ་བས་ལེགས་པ་བཅས་ཀྱི་ཞབས་ཞུའི་ཁོར་ཡུག་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།