ཧྲང་ཧའེ་ཡིས་བྱེད་ཐབས་བཏོན་ནས་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པ།
ཉེ་ཆར། 《ཧྲང་ཧའེ་གྲོང་ཁྱེར་གྱིས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་རྒྱུའི་བྱེད་ཐབས་འགའ་ཞིག》ཁྱབ་བསྒྲགས་བྱས་པ་དེའི་ནང་ཁྱོན་ཕྱོགས་3གྱི་བྱེད་ཐབས་9ཡོད་ཅིང་། དེའི་དམིགས་ཡུལ་ནི་ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཞབས་ཞུའི་འགན་སྲུང་ལ་བརྟེན་ནས་ཚན་རྩལ་ཁེ་ལས་ཀྱིས་གསར་གཏོད་འཕེལ་རྒྱས་ཀྱི་གཏིང་ཚད་དང་མཐུག་ཚད་རྒྱུན་མཐུད་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱ་ཆེད་ཡིན་པ་རེད།
བྱེད་ཐབས་འགའ་ཞིག་ནང་བསྟན་དོན། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་ཤིང་། གཅིག་ནི་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཅུང་ཆེ་བ་དང་རྨང་གཞིའི་ཞིབ་འཇུག་ལ་མ་འཇོག་ཅུང་ཆེ་བའི་ཁེ་ལས་ལ་ལོ་རེར་ཚད་གཞི་ལྟར་བསྡོམས་འབོར་སྒོར་ཁྲི་1000ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་ནོར་སྲིད་ཀྱི་ཁ་གསབ་སྤྲོད་དགོས། གཉིས་ནི་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་གི་སྤྱི་ཕན་ཐེབས་རྩ་འཛུགས་པའམ་ཡང་ན་ཞལ་འདེབས་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཙུགས་པའི་རྨང་གཞིའི་ཞིབ་འཇུག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དེ་ཧྲང་ཧའེ་རུ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ལ། ཐེབས་རྩ་ལྷན་ཚོགས་ཀྱི་མ་དངུལ་གྱི་50%ལྟར་མཉམ་དུ་རྒྱབ་སྐྱོར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།