དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་འཕྲེད་ཐིག་མཐོ་སར་སྐྱེ་འཚར་དུས་ཡུན་ཧ་ཅང་ཐུང་བའི་པད་ཁ་འདེབས་གསོ་ཚད་བརྒལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-15

    ཉེ་ཆར། གསར་འགོད་པས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་སྣུམ་རྒྱུ་སུའོ་ནས་ཤེས་རྟོགས་བྱས་པར། སུའོ་དེའི་ཡོན་ཧྲི་ཝང་ཧན་ཀྲུང་གི་ཚོགས་པ་དང་ནང་སོག་ཞིང་འབྲོག་ལས་ཚན་རིག་ཁང་གིས་མཉམ་དུ་ནང་སོག་རང་སྐྱོང་ལྗོངས་ཨེར་ཀུའུ་ནཱ་གྲོང་ཁྱེར་དུ་འཕྲེད་ཐིག་མཐོ་སར་སྐྱེ་འཚར་དུས་ཡུན་ཧ་ཅང་ཐུང་བའི་པད་ཁ་འདེབས་གསོ་ཚད་བརྒལ་ཆེན་པོ་བྱུང་ནས“པེ་ཡ་པད་ཁ་ཨང་1”སོགས་སྐྱེ་འཕེལ་ཧྲིལ་པོར་ཉིན་100ལས་མི་འགོར་བའི་པད་ཁའི་སྣ་ཁ་གསར་པ་ལྔ་བདེ་བླག་ངང་སྐྱེད་སྲིང་ཐུབ་ནས་འཕྲེད་ཐིག་མཐོ་ལ་གྲང་ངར་ཆེ་བའི་ས་ཆར་པད་ཁ་འདེབས་གསོ་བྱེད་སྟངས་གསར་པ་ཞིག་གསར་གཏོད་བྱས་པ་རེད།

    ནང་སོག་པད་ཁའི་ཐོན་ལས་ལག་རྩལ་ཁོངས་གཏོགས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཐོན་འབོར་ཚོད་རྩིས་བྱས་པར་གཞིགས་ན།“པེ་ཡ་པད་ཁ་ཨང་1”ཨེར་ཀུ་ནཱ་གྲོང་ཁྱེར་ཧྲེ་ཝེ་གྲོང་རྡལ་གྱི་སྣ་ཁ་གསར་པ་ཚོད་ལྟ་ཁུལ་གྱི་རིགས་པའི་གཞུང་ལུགས་ཐོན་འབོར་ཚོད་རྩིས་ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་284.75ཟིན་ནས་ས་གནས་དེ་གའི་འདེབས་འཛུགས་གཙོ་བོའི་ཆ་སྙོམས་མུའུ་རེའི་ཐོན་ཚད་93%མཐོ་རུ་ཕྱིན་ཡོད། སོན་རིགས་དེ་ཟླ་5ཚེས་6ཉིན་བཏབ་ཚེ་ཟླ་7པའི་ཟླ་དཀྱིལ་དུ་མེ་ཏོག་བཞད་པ་དང་ཟླ་8པའི་ཟླ་དཀྱིལ་དུ་ལོ་ཏོག་བསྡུ་ཆོག་པས། དེར་གྲང་འགོག་རང་བཞིན་ཆེན་པོ་ལྡན་པ་དང་། ལྗང་པ་ཐོན་དུས་སུ་དྲོད་ཚད་ཀླད་ཀོར་འོག་གི་5℃ཡི་གྲང་ངར་འགོག་ཐུབ་པས་ས་གནས་དེ་གའི་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་དང་ཡོངས་སུ་འཚམ་པོ་ཡོད། དེའི་སྤུས་ཚད་རྒྱལ་སྤྱིའི་གཉིས་དམའི་སྤུས་ལེགས་ཚད་གཞི་དང་མཐུན་པ་དང་། 2024ལོར་དེའི་མ་སོན་གཉིས་ཀ་ནས་ཆ་སྙོམས་སྣུམ་ཐོན་ཚད་48.36%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།