དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་50ཡི་རིང་ཁག་ཐེངས་197གྱི་ཀྲུང་གོའི་སྨན་དོན་པ་2000ལྷག་ཙམ་གྱིས་མོ་རོ་ཁོར་རོགས་སྐྱོར་བྱས་པ།

    “ཀྲུང་གོའི་སྨན་བཅོས་རུ་ཁག་ནི་མོ་རོ་ཁོ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་ཕོ་ཉ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀོན་ཁེ་ཅང་།   |     སྤེལ་དུས།  2025-08-15

    འདི་ནི་ཀྲུང་གོའི་སྨན་པས་ས་གནས་དེ་གའི་དམངས་ཚོགས་ལ་སྐྱ་གྲིབ་གཤགས་བཅོས་བྱེད་བཞིན་པ།

    ད་ལོ་ནི་ཀྲུང་གོས་མོ་རོ་ཁོར་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་མངགས་ནས་ལོ་50འཁོར་བའི་ལོ་ཞིག་རེད། ལོ་50ཡི་རིང་། ཁྱོན་བསྡོམས་ཁག་ཐེངས་197གྱི་རུ་མི་2000ལྷག་ཙམ་ཧྲང་ཧའེ་ཡི་སྨན་ཁང་ཆེ་གྲས་ཁག་ནས་མོ་རོ་ཁོར་རོགས་སྐྱོར་ལ་བསྐྱོད་ཡོད། ཉེ་ཆར་འཚོགས་པའི་མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་ནས་ལོ་50འཁོར་བའི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་མོ་རོ་ཁོའི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་བློན་ཆེན་ཨ་མིང་·ཐཱ་ལ་ཝེས་ཀྲུང་གོས་མོ་རོ་ཁོར་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་མངགས་ནས་ལོ་50འཁོར་བ་དེ་ནི་མོ་རོ་ཁོ་དང་ཀྲུང་གོ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོའི་དབར་གྱི་ལྷག་བསམ་རྣམ་དག་དང་ཡུན་རིང་གི་མཛའ་གྲོགས་ཟབ་མོའང་མཚོན་ཞིང་། “ཀྲུང་གོའི་སྨན་བཅོས་རུ་ཁག་ནི་མོ་རོ་ཁོ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་ཕོ་ཉ་རེད”ཅེས་བཤད་པ་རེད།

    “ཕྱི་པོ་ཇི་ཙམ་ཆགས་རུང་ཀྲུང་གོའི་སྨན་བཅོས་རུ་མི་འབོད་མ་ཐག་ལམ་སེང་ཡོང་གི་འདུག”

    ད་ལོའི་དཔྱིད་ཀར། ལོ་85ལ་སླེབས་པའི་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་རེན་ཅི་སྨན་ཁང་གི་རྒན་ཡོལ་ཞུས་པའི་སྨན་པ་ཀྲང་པའེ་ཀེན་མོ་རོ་ཁོའི་སའེ་ཏ་ཐེ་ཞིང་ཆེན་ཧ་སང་ཁྲི་ཐོག་གཉིས་པའི་སྨན་ཁང་དུ་སླར་ཡང་ལོག ལོ་ངོ་50ཡི་གོང་མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཐེངས་དང་པོའི་རུ་དཔོན་ཡིན་པའི་ཁོང་དང་རུ་མི་ཚོས་དེ་གར་ལོ་གཉིས་བསྡད་པ་རེད། ཀྲང་པའེ་ཀེན་གྱིས“སྐབས་དེ་དུས། ཉིན་མཚན་ལ་མ་བལྟོས་པར་ནད་པ་ཡོད་ཕྱིན་ང་ཚོས་སྨན་བཅོས་བྱེད་ཀྱི་ཡོད”ཅེས་བཤད།

    མོ་རོ་ཁོར་ཀྲང་པའེ་ཀེན་ལ་བསུ་བ་ཞུ་མཁན་ནི་ལོ་50ཡི་གོང་ཁོང་དང་མཉམ་ལས་བྱེད་མྱོང་བའི་ས་གནས་དེ་གའི་སྨན་གཡོག་ཁཱ་ཏི་ཅཱ་ཡིན་ཞིང་། ཁཱ་ཏི་ཅཱ་ཡིས“སྐབས་དེ་དུས་ཕྱི་པོ་ཇི་ཙམ་ཆགས་ནའང་ཀྲུང་གོའི་སྨན་བཅོས་རུ་མི་འབོད་མ་ཐག་ཡོང་གི་འདུག ང་ཚོ་དང་ཀྲུང་གོའི་སྨན་བཅོས་རུ་མི་ནང་མི་གཅིག་ལྟར་འཆམ་པོ་ཡོད”ཅེས་བཤད། ལོ་50ཡི་གོང་ལང་ཚོ་དར་སྒང་གི་ཁོང་གཉིས་པོ་ད་ལྟ་མགོ་སྐྲ་དཀར་པོར་གྱུར་ཡོད་རུང་། ཁོང་ཚོས་བཏབ་པའི་ཀྲུང་མོའི་སྨན་བཅོས་མཉམ་ལས་ཀྱི་སྡོང་པོའི་ལོ་འདབ་རབ་ཏུ་རྒྱས་བཞིན་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་50ཡི་རིང་། མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གིས་མོ་རོ་ཁོའི་སྒོ་བསྟེན་དང་དོས་དྲག་གི་ནད་པ་མི་ཐེངས་ཁྲི་588ལ་སྨན་བཅོས་བྱས་པ་དང་སྨན་ཁང་དུ་སྡོད་མཁན་ནད་པ་མི་ཐེངས་ཁྲི་84བསྡུས་པ་རེད།

    “ཀྲུང་གོའི་སྨན་པའི་ཆེད་ལས་བྱང་ཚད་ལ་མི་རྣམས་གུས་བཀུར་ཡི་རང་འོས་པ་ཞིག་ཡོད”

    ཧྲང་ཧའེ་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཀྲུང་གོའི་མིག་ནད་ཚན་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ“འོད་སྣང་བྱ་སྤྱོད”ཚོགས་པ་མི་རིང་བར་མུའུ་ཧན་མོ་ཏེ་ཁྲི་ཐོག་ལྔ་པའི་སྨན་ཁང་དུ་བསྐྱོད་ནས་ས་གནས་དེ་གའི་ནད་པར་སྨན་བཅོས་བྱས་པ་རེད། ལྷན་སྐྱེས་རང་བཞིན་གྱི་སྐྱ་འགྲིབ་ཕོག་པའི་དབྱི་པུའུ་ལཱ་ཤིན་ལ་གཤགས་བཅོས་བྱེད་སྐབས་དཀའ་ཚད་ཆེན་པོ་ཡོད་རུང་། གཤགས་བཅོས་བྱེད་མཁན་གཙོ་བོ་ཡིན་པའི་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་མི་དམངས་སྨན་ཁང་དགུ་པའི་མིག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀུའོ་ཐའོ་ཡིས“མིག་ཤེད་0.1ལ་སླར་གསོ་ཐུབ་རེ་ཡོད་ཕྱིན་ང་ཚོས་འབད་བརྩོན་བྱེད་ངེས་རེད”ཅེས་བཤད། གཤགས་བཅོས་ཚར་རྗེས་བསྐྱར་དཔྱད་བྱས་པའི་འབྲས་བུ་ལས་དབྱི་པུའུ་ལ་ཤིན་གྱི་མིག་ཤེད་0.2ལ་སླར་གསོ་ཐུབ་ནས་ད་ཆ་དྲག་སྐྱེད་ཡག་པོ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི“འོད་སྣང་བྱ་སྤྱོད”ཀྱི་སྨན་བཅོས་བྱེད་སྒོ་ནི་མུའུ་ཧན་མོ་ཏེ་ཁྲི་ཐོག་ལྔ་པའི་སྨན་ཁང་གིས་ཉེ་བའི་ལོ་ཤས་རིང་གཅིག་སྡུད་ཐོག་སྐྱ་འགྲིབ་གཤགས་བཅོས་བྱེད་ཐེངས་མང་ཤོས་ཡིན་ཞིང་། མིག་སྔར་སྐྱ་འགྲིབ་ནད་པ་300ལྷག་ཙམ་ལ་གཤགས་བཅོས་བྱས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱི་སྨན་པ་དང་མཉམ་ལས་བྱས་ནས་གཤགས་བཅོས་བྱེད་མཁན་མིག་ནད་ཚན་ཁག་གི་སྨན་པ་ཙའེ་ནཱ་པུའུ་ཡིས“ཀྲུང་གོའི་སྨན་པའི་ཆེད་ལས་བྱང་ཚད་ལ་ང་ཚོས་གུས་བཀུར་ཡི་རང་བྱེད་འོས་པ་ཞིག་རེད། སྤེལ་རེས་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་ནས་མོ་རོ་ཁོའི་སྨན་བཅོས་ཁོངས་གཏོགས་སྔར་བས་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་འགྲོ་བར་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

    “མོ་རོ་ཁོའི་འཕྲོད་བསྟེན་དང་བདེ་ཐང་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་བག་ཆགས་བཞག་པ”

    མོ་རོ་ཁོའི་ལའེ་ཧ་མུའུ་ནཱ་ཞིང་ཆེན་སྨན་བཅོས་ལྟེ་གནས་སུ་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་དབྱི་མན·ལཱ་ཞི་ཏིས་སྨན་བཅོས་བྱེད་ཀྱིན་སྨན་གཡོག་ལ་གཞོགས་འདེགས་ཡག་པོ་ཞུ་དགོས་པའི་མཛུབ་ཁྲིད་བྱས།

    དབྱི་མན་དང་ཀྲུང་གོའི་སྨན་བཅོས་རུ་ཁག་དབར་གྱི་ལས་དབང་དེ་1981ལོའི་ཟླ་10པར་སྦྲེལ་ཞིང་། སྐབས་དེ་དུས་མོ་རོ་ཁོའི་སྦྲུམ་མ་ཞིག་ཕྱིར་འགྲོ་བའི་ལམ་བར་དུ་ཕྲུ་གུ་བཙའ་ལ་ཉེ་བས་ཐཱ་ཀྲ་གྲོང་ཁྱེར་གྱི་དབྱི་པིན་ནུའུ་·པཱ་ཀྲ་སྨན་ཁང་དུ་བསྐྱལ་བ་དང་དེ་གར་ཀྲུང་གོའི་སྨན་བཅོས་རུ་ཁག་ཞིག་ཡོད། ཀྲུང་གོའི་སྨན་པས་གཤགས་བཅོས་ཆུ་ཚོད་ཕྱེད་ཀ་བྱས་པ་བརྒྱུད། མ་སྨད་གཉིས་ཀ་སྲོག་ཉེན་ལས་ཐར་ཞིང་། དམར་འབྱར་དེ་ནི་དབྱི་མན་·ལཱ་ཞི་ཏི་རེད།

    དབྱི་མན་ནར་སོན་རྗེས་གསོ་རིག་ཚན་ཁག་བདམས་ནས་སློབ་སྦྱོང་བྱས་པ་དང་ཕྱིས་སུ་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཞིག་ཏུ་གྱུར། ཁོ་མོའི་ཕུགས་བསམ་ནི་སྐབས་དེ་དུས་ཁོ་མོར་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་སྨན་པ་དང་འདྲ་བར་མི་དེ་བས་མང་བའི་ཚེ་སྲོག་སྐྱོབ་རྒྱུ་དེ་རེད། དབྱི་མན་གྱིས“གལ་ཏེ་སྐབས་དེ་དུས་ཀྲུང་གོའི་སྨན་པ་དང་ཁོང་ཚོའི་དོས་དྲག་སྐྱོབ་བཅོས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དེ་འདྲ་མེད་ན་ངའི་ད་ཆའི་འཚོ་བ་ཡོང་ཐབས་བྲལ”ཞེས་བཤད།

    ཨ་མིང་·ཐཱ་ལ་ཝུའེ་ཡིས་མོ་རོ་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་འཕྲོད་བསྟེན་མཉམ་ལས་བྱས་ནས་ལོ་ངོ་50སོང་རིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། “ཀྲུང་གོའི་སྨན་བཅོས་རུ་མིའི་ཆེད་ལས་ཀྱི་སྙིང་སྟོབས་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ནི་མོ་རོ་ཁོའི་འཕྲོད་བསྟེན་དང་བདེ་ཐང་ལོ་རྒྱུས་ཐོག་གི་བསུབ་ཐབས་བྲལ་བའི་བག་ཆགས་ཤིག་ཏུ་གྱུར་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།