དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་དབར་གནས་སྐབས་སྒོ་ཁྲལ་24%མུ་མཐུད་བསྡུ་མཚམས་འཇོག་པ་སོགས་ལ་ངོས་འཛིན་གཅིག་མཐུན་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-15

    ཟླ་8ཚེས་12ཉིན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས《ཀྲུང་གོ་དང་ཨ་རིའི་སི་ཐོག་ཁོར་མོ་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཚོང་ཟོག(ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོང་ཟོག་ཚུད་པ)ལ་སྒོ་ཁྲལ་སྣོན་བསྡུའི་བྱ་ཐབས་མུ་མཐུད་ལེགས་སྒྲིག་བྱ་རྒྱུ་དང་། ཟླ་8ཚེས་12ཉིན་ནས་བཟུང་24%ཡི་འདྲ་མཚུངས་སྒོ་ཁྲལ་མུ་མཐུད་ནས་ཉིན་90གནས་སྐབས་བསྡུ་མཚམས་འཇོག་རྒྱུའི་ཁས་ལེན་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཟླ་8ཚེས་12ཉིན་ནས་བཟུང་ཨ་རིར་སྒོ་ཁྲལ་24%སྣོན་བསྡུ་དང་དེ་བཞིན་འབྲེལ་ཡོད་ཀྱི་སྒོ་ཁྲལ་མིན་པའི་ཁ་གཏད་གཅོག་ཐབས་མུ་མཐུད་ནས་ཉིན་90གནས་སྐབས་བསྡུ་མཚམས་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།