རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ཐོག
བོད་ལྗོངས་ཀྱི་ལུས་རྩལ་པས་ཨེ་ཤེ་ཡའི་U18བུད་མེད་ཀྱི་སྨི་2000གི་བཀག་བརྒལ་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་12ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་འཚོགས་ཤིང་། བོད་ལྗོངས་ཀྱི་ལུས་རྩལ་པ་དོན་གྲུབ་སྒྲོལ་མས་ཨེ་ཤེ་ཡའི་U18བུད་མེད་ཀྱི་སྨི་2000གི་བཀག་བརྒལ་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ལུས་རྩལ་པ་དོན་གྲུབ་སྒྲོལ་མས་སྙུགས་ཤེད་དང་རྩལ་ནུས་ལ་བརྟེན་ནས་སྐར་མ་6དང་སྐར་ཆ་41གྲངས་ཆུང་11གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྨི་2000གི་བཀག་བརྒལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཏེ་ཨེ་ཤེ་ཡའི་U18བུད་མེད་ཀྱི་སྨི་2000གི་བཀག་བརྒལ་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།