དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡི་2025ལོའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-15

    ཟླ་8ཚེས་8ཉིན་2025ལོའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པའི་རྣམ་པ་ཡིན་པ།

    ཟླ་8ཚེས་8ཉིན་2025ལོའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པའི་རྣམ་པ་ཡིན་པ།

    ཟླ་8ཚེས་8ཉིན། “མེས་པོའི་སོར་རྩེ་ལས་འཁྲུངས་པའི་གཙགས་དྲུབ་ཀྱི་དར་སྲོལ་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྨ་ཆུའི་འགྲམ་ངོགས་ཀྱི་རྫོང་རི་རིག་གནས་ཀྱི་འགོ་ཁུངས་དང་འུན་ཤིང་ཀོང་ཇོ་བོད་དུ་སླེབས་པ་ལས་མཚོན་པའི་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་བོར་བྱས་པའི་2025ལོའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་རང་གི་ངོམ་སྟོན་རུ་ཁག་ཕུད། ད་དུང་ཡུན་ནན་དང་། ཀན་སུའུ། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་རང་བཞིན་གྱི་བོད་རིགས་ཀྱི་རྒྱན་གོས་ངོམ་སྟོན་རུ་ཁག་ཀྱང་གདན་དྲངས་ཡོད།

    ད་ཐེངས་ཀྱི་ས་ཁོངས་བརྒལ་བའི་རིག་གནས་ངོམ་སྟོན་འདི་ལས་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་གཅིག་སྡུད་ཐོག་མངོན་པ་མ་ཟད། ས་ཁུལ་ཁག་དབར་རིག་གནས་སྤེལ་རེས་བྱེད་པའི་སྦྲེལ་ཐག་ལྟ་བུར་གྱུར་ཞིང་། ལྟད་མོ་བ་ཚོས་སྒྱུ་རྩལ་གྱི་མཛེས་ཉམས་མྱོང་རོལ་བྱེད་པ་དང་ཆབས་ཅིག་བོད་རིགས་ཀྱི་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་ཚོར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།