དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བདུན་པའི་བར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་གྲངས་གནས་གཉིས་འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-15

    ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོ་ཚུན་དུ། རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་ཐོན་པ་དང་། ཁེ་ལས་ཀྱིས་རླངས་འཁོར་བཟོ་ལྟ་གསར་པ་མུ་མཐུད་བཏོན་པས་རླངས་འཁོར་ཁྲོམ་ར་འཁོར་སྐྱོད་བརྟན་པོ་ཐུབ་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་གྲངས་གནས་གཉིས་འཕར་ཡོད།

    ཟླ་བ་དང་པོ་ནས་བདུན་པའི་བར། རླངས་འཁོར་ཁྲི་1823.5ཐོན་སྐྱེད་དང་ཁྲི་1826.9ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་12.7%དང་12%སོ་སོར་འཕར་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་འཕར་ཚད་ཟླ་བ་དང་པོ་ནས་དྲུག་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.2དང་0.6སོ་སོར་མཐོ་རུ་ཕྱིན་ཡོད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་823.2ཐོན་སྐྱེད་དང་ཁྲི་822ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་39.2%དང་38.5%སོ་སོར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་ཀྱིས་རླངས་འཁོར་གསར་པ་ཕྱིར་ཚོང་བསྡོམས་འབོར་གྱི་45%ཟིན་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་130.8ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་84.6%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།