དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་བདུན་པའི་CPIཟླ་བ་གོང་མ་ལས་0.4%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-15

     གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་7པར་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ཐོན་ནས་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ཟླ་བ་གོང་མ་0.1%ཆག་པ་དང་བསྡུར་ན་0.4%འཕར་ནས་དུས་མཚུངས་ལས་སྙོམས་པ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་ཕུད་པའི་ལྟེ་བའི་CPIདུས་མཚུངས་ལས་0.8%འཕར་ནས་འཕར་ཚད་ཟླ་བ་གསུམ་བསྟུད་མར་ཆེ་རུ་ཕྱིན་ཡོད།

    དུས་ཚིགས་རང་བཞིན་གྱི་རྒྱུ་རྐྱེན་ཐོག་རྒྱལ་སྤྱིའི་ཚོང་ཟོག་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་གྱི་ཤུགས་རྐྱེན་ཕོག་ནས། ཟླ་བ་བདུན་པར་བཟོ་ལས་ཐོན་སྐྱེད་ཀྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས(PPI)ཟླ་བ་གོང་མ་ལས་0.2%ཆག་པ་དང་། རྒྱལ་ནང་ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆུང་དུ་ཕྱིན་ནས་དུས་མཚུངས་ལས་3.6%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་དང་མཚུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།