《ཧི་མ་ལ་ཡའི་མེ་ཏོག་ལྷ་མོ》དངོས་མཚོན་གློག་བརྙན།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་མཚམས་འདིར། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བཟོས་པའི་རྟེན་འབྲེལ་ཆེན་མོ་བསུ་བའི་སྐྱེ་ཁམས་དངོས་མཚོན་གློག་བརྙན་《ཧི་མ་ལ་ཡའི་མེ་ཏོག་ལྷ་མོ》དེ་རིང་དངོས་སུ་ཁྱབ་སྤེལ་ཞུས་ཡོད། གློག་བརྙན་འདིའི་ནང་མ་ཉམས་རང་སོར་གནས་པའི་སྐྱེ་ཁམས་ཁོར་ཡུག་ནང་གི་དཔེ་མཚོན་དུ་འགྱུར་བའི་སྲོག་ཆགས་ཕྱེ་མ་ལེབ་བརྗོད་བྱར་བྱས་ཏེ། ཕྱེ་མ་ལེབ་བོད་དུ་ཁྱབ་ཚུལ་དང་། དུས་ཚོད་དང་ཁོར་ཡུག་ཁྲོད་ཀྱི་འགྱུར་ལྡོག དམིགས་བསལ་གྱི་སྐྱེ་དངོས་ཁོར་ཡུག་ནང་འཚོ་ཐབས། ཚེ་སྲོག་དུས་འཁོར་གྱི་ཆོས་ཉིད། དེ་བཞིན་སྐྱེ་དངོས་ཁོར་ཡུག་གི་གནས་བབ་བཅས་ནང་དོན་ཡོངས་སུ་རྫོགས་པ་གློག་བརྙན་ནང་འཁོད་ནས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་བ་དང་། སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པ་མངོན་པར་བྱས་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དེ་བཞིན་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།