དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀུའུ་ཀྲུང་ཡང་། ཏའུ་ཧན་ཡང་།   |     སྤེལ་དུས།  2025-08-14

    ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་ཧོའུ་ཀྲའེ་ཁྲོམ་གཞུང་ལི་ཙུའུ་གྲོང་ཚོར“ལི་ཧྲེའི་ཤིང་ཏོག་ལིའི་བྱི་རིལ”ཚོང་ཁང་ནས་གང་སར་དྲི་ཞིམ་འཐུལ་ཞིང་། སྦྱིན་བདག་ལི་ཆིང་པེའོ་ཡིས་རླངས་འཁོར་ནང་གི་ཤིང་ཏོག་ལིའི་བྱི་རིལ་ཡི་ལག་རྟགས་སྒམ་ཁང་པའི་ནང་སྤོ་བར་བྲེལ་བཞིན་འདུག ན་ནིང་ཚོང་ཁང་གི་སྒོ་འགྲམ་དུ་གློག་སྡོང་སྒྲིག་སྦྱོར་བྱས་པས་ཚོང་ཁང་གི་ཟོག་འདྲེན་མ་གནས་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་ཡོད།

    ལོ་ཤས་རིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་ལི་ཙུའུ་གྲོང་ཚོའི་འཕེལ་རྒྱས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥང་ཧའོ་ལུང་གིས“གྲོང་ཚོར་གློག་སྡོང་སྒྲིག་སྦྱོར་བྱས་རྗེས་ཡུལ་སྐོར་བ་ཡུལ་སྐོར་དུ་ཡོང་བདེ་རུ་ཕྱིན་པ་དང་གྲོང་ཚོའི་ནང་མི་དེ་བས་མང་དུ་ཕྱིན་ཡོད། གྲོང་ཚོས་ཞིང་ལས་གསར་གཏོད་པ་271གི་ཡིད་དབང་བཀུག་ནས་འཕེལ་རྒྱས་བཏང་བ་དང་གསར་གཏོད་ལས་རྣམ་73ནང་འདྲེན་དང་གསོ་སྐྱོང་བྱས་པས་གྲོང་ཚོའི་འཕེལ་རྒྱས་ལ་གསོན་ཤུགས་སྔར་བས་འཕེལ་ཡོད”ཅེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ”དང“ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པོ་དང་། གྲོང་གསེབ་ས་ཁུལ་དེ་བས་དར་རྒྱས། ཞིང་པའི་འཚོ་བ་དེ་བས་འབྱོར་ཕྱུག་བཅས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕྱོགས་སུ་ཏན་ཏིག་ངང་མདུན་སྐྱོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་ཡོད།

    གྲོང་གསེབ་ཀྱི་ཐོན་ལས་སྤུས་འབྲས་ལེགས་གཉེར་གྱིས་ཀྲུང་གོའི་འབྲུ་རིགས་བརྟན་འཕར་ཡོང་བ་བྱས་པ།

    ཧྲན་ཏུང་ཞིང་ཆེན་དབྱི་ཧྲུའེ་རྫོང་ཤ་ཝུའེ་གྲོང་རྡལ་ཀྲུའུ་ཅ་ཕིང་གྲོང་ཚོས་ཡུལ་སྐོར་བ་མང་དག་ཅིག་བསུས་ཤིང་། ཀྲུའུ་ཅ་ཕིང་གྲོང་ཚོས་བེད་མེད་དུ་བཞག་པའི་ཁང་པ་རྙིང་པ་དག་ཁྱད་ལྡན་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པས་ན་ནིང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོའི་འཚོ་རྟེན་བརྟན་པོ་བྱུང་ཡོད། ན་ནིང་རང་རྒྱལ་གྱི་མི་རེར་ཆ་སྙོམས་འབྲུ་རིགས་བདག་ཚད་སྤྱི་རྒྱ་500ཟིན་པ་དང་ད་ལོའི་དབྱར་འབྲུར་ཐོན་སྐྱེད་བརྟན་པོ་དང་ལོ་ལེགས་བྱུང་ཡོད། ད་ལོའི་ཟླ་6པའི་ཟླ་མཇུག་བར། རང་རྒྱལ་གྱི་ལྗང་མདོག་དང་། སྐྱེ་ལྡན། གྲགས་ཁྱད་ལེགས་གསར་དང་ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་བསྡོམས་འབོར་ཁྲི་8.6ཟིན་ཡོད་པ་རེད། དམངས་ཕྱུག་ཐོན་ལས་རེ་རེ་འཕེལ་རྒྱས་བྱུང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    དམངས་འཚོའི་དོན་དངོས་ནི་རེག་ཚོར་ཐུབ་པ་ཞིག་དང་མཛེས་མཐུན་གྲོང་གསེབ་ནི་གནས་འཕྲོད་ལས་འཚམ་ཐུབ་པ་ཞིག་ཡིན།

    ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་ཚའེ་ཅི་གྲོང་རྡལ་ཉིའུ་ཅའོ་གྲོང་ཚོར་ཁྱད་ལྡན་ཡུལ་མིའི་སྡོད་ཁང་སྟར་པ་རེ་རེ་བཞིན་བསྐྲུན་ཡོད་པ་དང་། འཕྲོད་བསྟེན་ཁང་དང་སྤྲོ་གསེང་སྤྱི་གླིང་སོགས་ལེ་ལག་སྒྲིག་བཀོད་བཀོད་སྒྲིག་བྱས་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་སྤྲོ་གསེང་དང་ལྟ་སྐོར་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།

    མིག་སྔའི་བར། རྒྱལ་ཡོངས་གྲོང་གསེབ་ཀྱི་རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད་94%ཟིན་པ་དང་། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་100%ཟིན་པ། གྲོང་ཚོ་རིམ་པའི་དངོས་ཟོག་བསྐུར་སྐྱེལ་ཟོག་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཁྲི་30ལྷག་ཙམ་བསྐྲུན་པ། གྲོང་གསེབ་ཀྱི་རྒན་གསོ་ཁང་ཁྲི་1.6ལྷག་ཙམ་བསྐྲུན་པ་སོགས་དམངས་འཚོའི་དོན་དངོས་རེ་རེ་ལས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་སྟབས་བདེ་ཚད་དང་མི་སྡོད་ཁོར་ཡུག་སྐྱིད་སྣང་དོད་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད་པ་རེད།

    ཡོང་འབབ་མང་དུ་ཕྱིན་པ་དང་བསམ་བློར་ཡང་འགྱུར་ལྡོག་བྱུང་ནས་ཞིང་པའི་སྙིང་སྟོབས་འཕེལ་བ།

    མི་རིང་བའི་གོང་། པར་རྒྱག་སྐོར་སྐྱོད་འགྲེམས་སྟོན་ཞིག་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཅིང་ཧྲན་གྲོང་རྡལ་གྱི“འབྱུང་འགྱུར་ཚོང་འདུས”སུ་གཉེར་བ་རེད། ཞའོ་ཀུའུ་ཁྲེང་གྲོང་ཚོའི་གྲོང་མི་ལིན་ཁྲུན་ཡན་གྱིས“སྒོ་འགྲམ་ནས་ཆུ་ཚད་མཐོ་བའི་འགྲེམས་སྟོན་འདི་འདྲ་ཞིག་ལྟ་རྒྱུ་བྱུང་བས་ཧ་ཅང་ཡག་པོ་འདུག”ཅེས་བཤད།

    “འབྱུང་འགྱུར་ཚོང་འདུས”ནང་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཏུ་བསྡུས་ནས་རིག་གནས་ཡུལ་སྐོར་ཐོན་ལས་གཞིས་ཆགས་སའི་བར་མཐོངས་ཤིག་རྒྱ་བསྐྱེད་པ་དང་ཆབས་ཅིག་ཡུལ་མི་ཚོར་སྤུས་ཚད་མཐོ་བའི་རིག་གནས་ཀྱི་ཞབས་འདེགས་ཞུས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པ”ཚུན། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོད་པ་དང་། ད་ལོའི་ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་6.2%འཕར་ཡོད། ས་གནས་ཁག་གིས་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཞིང་པའི་སྙིང་སྟོབས་འཕེལ་བར་བྱས་ཡོད། ཡོང་འབབ་འཕར་བ་དང་རིག་གནས་ཕུན་སུམ་ཚོགས་པར་བརྟེན་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།