དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉེ་བའི་ལོ་ལྔའི་རིང་རང་རྒྱལ་གྱི་ཉ་ལས་སྐྱེ་ཁམས་ཁོར་ཡུག་བརྟན་ཁྲོད་ལེགས་འཕེལ་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-14

    ཉེ་ཆར་ཞིང་ལས་གྲོང་གསེབ་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མཉམ་དུ《ཀྲུང་གོའི་ཉ་ལས་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས(2024)》ཁྱབ་བསྒྲགས་བྱས་ནས་2024ལོའི་ཀྲུང་གོའི་ཉ་ལས་ཆུ་ཁོངས་ཀྱི་ཆུ་སྤུས་དང་། དིམ་བསགས་དངོས་པོ། འཕྱོ་དངོས་སོགས་དམིགས་ཚད་ཁག་18ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་ཉ་ལས་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་རྒྱུན་འཁྱོངས་ཐུབ་པ་དང་། ཉེ་བའི་ལོ་ལྔའི་རིང་བརྟན་ཁྲོད་ལེགས་འཕེལ་གྱི་འཕེལ་ཕྱོགས་མངོན་ནའང་། ཏན་ལིན་དམིགས་ཚད་ཚད་ལས་བརྒལ་བའི་ཉེན་ཁ་སྔར་བཞིན་གནས་ཡོད་པ་རེད།

    2024ལོར་ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཉ་ལས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་ཁོངས་གཏོགས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་42སྒྲིག་འཛུགས་བྱས་ནས། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1016ཡོད་པའི་ཉ་ལས་ཆུ་ཁོངས་གལ་ཆེན་159ཡི་ཁོར་ཡུག་གི་གནས་ཚུལ་ལ་རྒྱུན་གཏན་ལྟར་ལྟ་ཞིབ་ཚད་ལེན་བྱས་ཤིང་། 2023ལོ་དང་བསྡུར་ན་ལྟ་ཞིབ་ཚད་ལེན་ས་ཚིགས་1དང་། ཉ་ལས་ཆུ་ཁོངས་གལ་ཆེན་6 རྒྱ་ཁྱོན་སྤྱི་ཆིང་ཁྲི་15བཅས་སོ་སོར་མང་དུ་ཕྱིན་པ་མ་ཟད། ལྟ་ཞིབ་ཚད་ལེན་གྱི་ཆུ་ཁོངས་ཚང་མའི་ཞ་ཉེ་དང་། ཁད། སཱེན་བཅས་ཀྱི་དམིགས་ཚད་ལྟ་ཞིབ་ཚད་ལེན་གྱི་གར་ཚད་ཡོངས་གདེང་འཇོག་ཚད་གཞི་ལས་ལེགས་པ་ཡོད་པ་རེད།

    སྤྱི་བསྒྲགས་ནང་ཉེ་བའི་ལོ་ལྔའི་རིང་རང་རྒྱལ་གྱི་ཉ་ལས་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་འགྱུར་ལྡོག་གི་འཕེལ་ཕྱོགས་ལ་དབྱེ་ཞིབ་ཐོག་མར་བྱས་ཤིང་། 2020ལོ་དང་བསྡུར་ན་ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་ལས་མངོན་དོན། རང་རྒྱལ་གྱི་རྒྱ་མཚོའི་རང་བྱུང་ཉ་ལས་ཆུ་ཁོངས་གལ་ཆེན་ཁྲོད་ཚད་བརྒལ་རྐྱེན་ཆ་གཙོ་བོ་ནི་སྐྱེ་མེད་ཏན་དང་གྲུང་གཤིས་ལིན་སྐྱུར་ཚྭ་ཡིན་པ་དང་དེའི་དམིགས་ཚད་ཀྱི་ཚད་བརྒལ་རྒྱ་ཁྱོན་གྱི་བསྡུར་ཚད་ཆག་ཚད་16%དང་50%སོ་སོར་ཟིན་པ་དང་། གཙང་པོ་དང་ཆུ་བོའི་ཉ་ལས་ཆུ་ཁོངས་གལ་ཆེན་ཁྲོད་ཀྱི་ཚད་བརྒལ་རྐྱེན་ཆ་གཙོ་བོ་ནི་སྤྱིའི་ཏན་དང་སྤྱིའི་ལིན་ཡིན་པ་དང་། སྤྱིའི་ལིན་ཚད་བརྒལ་རྒྱ་ཁྱོན་གྱི་བསྡུར་ཚད་ཆག་ཚད་41%ཡིན་ལ། ཉ་ལས་ཆུ་ཁོངས་ཀྱི་ཏན་ལིན་དམིགས་ཚད་ཚད་ལས་བརྒལ་བའི་ཉེན་ཁ་སྔར་བཞིན་གནས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།