ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱར་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཕུགས་འདུན་བསྒྲུབས་པ།
ཅང་སུའུ་དབྱི་ཀྲེང་གྲོང་ཁྱེར་གྱི་གྲངས་གཞི་ཆེན་པོའི་ཐོན་ལས་གླིང་དུ། ལོ་28ལ་སླེབས་པའི་ཤེ་ཁྲང་ཡིའུ་ཡིས་བློ་རྩེ་གཅིག་སྒྲིམས་ཀྱིས་གྲངས་གཞིའི་མཆན་འགོད་སྤུས་ཚད་ཞིབ་བཤེར་བྱེད་བཞིན་ཡོད། ལོ་འགའི་སྔོན་དུ་བྱུང་བའི་ཐོལ་བྱུང་དོན་རྐྱེན་ཞིག་གིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་བའི་ཁོང་སྐབས་ཤིག་རིང་འཚོ་བར་ཡིད་ཐང་ཆད་མོད། འོན་ཀྱང་ད་ཆ་ལག་རྩལ་རྐང་འཛིན་པ་ཞིག་ཆགས་ཡོད། ཁོང་གི་འགྱུར་ལྡོག་དེ་ལྟ་བུ་ནི་དབྱི་ཀྲེང་གྲོང་ཁྱེར་གྱི“གདོང་ལེན་པ་བརྩོན་ལེན་བྱས་ནས། དབང་པོ་སྐྱོན་ཅན་གྱི་ཕུགས་འདུན་འགྲུབ་རོགས་བྱེད”ཅེས་པའི་བྱ་སྤྱོད་ཀྱི་ཏང་ཀྲི་པུའུ་ཡིས་རོགས་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། དབྱི་ཀྲེང་གྲོང་ཨུད་རྩ་འཛུགས་པུས་སྣེ་ཁྲིད་དེ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མི་སྤྱི་ཅུས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་དང་མཉམ་འབྲེལ་ཐོག་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ“ཏང་འཛུགས་སྐྱོང་+”ཀྱི་འགག་སྒྲོལ་གྱི་གཙོ་གནད་དུ་བརྩིས་ཐོག “ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་+མཐུན་རྐྱེན་གསུམ་སྦྱོར་བའི(རྩལ་སྐྱོར་དང་། རིག་སྐྱོར། དངུལ་སྐྱོར)”ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ནས“མི་རེར་ཐབས་ཇུས་རེའི”གནད་སྨིན་རོགས་སྐྱོར་བྱས་ཡོད།
ཏང་རྩ་འཛུགས་ཀྱིས་ཐོན་ཁུངས་དང་སྦྲེལ་མཐུད་ཀྱིས་ལས་རིགས་གསོ་སྦྱོང་རྟེན་གཞི་བཙུགས་པ་དང་མཐོ་སློབ་དང་དངོས་སྦྱོང་ལས་སྟེགས་མཉམ་དུ་བསྐྲུན་ནས་གཙོ་བོ་རྩལ་ནུས་གསར་པའི་གསོ་སྦྱོང་བྱས་ཡོད།
ཁེ་ལས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ལས་གནས་འོས་འཚམ་སྔོག་འདོན་གཏིང་ཟབ་བྱས་ཤིང་། 2024ལོར་གྲངས་གཞིའི་མཆན་འགོད་དང་ལག་ཤེས་བསླས་འཐག་སོགས་ཀྱི་ལས་གནས་260གསོ་སྦྱོང་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དཔེ་སྟོན་རྟེན་གཞི་7བདེ་བླག་ངང་བཙུགས་ཡོད།
ལས་ཞུགས་ཐབས་ལམ་མུ་མཐུད་རྒྱ་སྐྱེད་གཏོང་ཆེད། དབྱི་ཀྲེང་གྲོང་ཁྱེར་གྱིས“གསར་བརྗེའི་དབང་སྐྱོན་རོགས་སྐྱོར་མནའ་འབྲེལ”བཙུགས་པ་དང་། “སྤྱི་ཕན་ལས་གནས་མཛོད”སོགས་གྲངས་འཛིན་ཅན་གྱི་ལས་སྟེགས་གསར་སྤེལ་བྱས་པས། དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་ཚད་23%མཐོ་རུ་ཕྱིན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཕུགས་འདུན་ཏན་ཏིག་འགྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།