དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • Aརྐང་གི་ཁྲོམ་ཞུགས་ཀུང་སིའི་དངུལ་སྨར་བགོ་འགྲེམས་བྱེད་སྟངས་གསར་པ་མང་པོ་བཏོད་པ།

    2024ལོ་འཁོར་གྱི་ཧྲང་ཧའེ་དང་ཧྲེན་ཀྲེན་གྲོང་ཁྱེར་གཉིས་ཀྱི་བགོ་འགྲེམས་བསྡོམས་འབོར་དུས་མཚུངས་ལས་9%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-14

    ཉིན་ཤས་གོང་ཀྲུང་གོའི་ཁྲོམ་ཞུགས་ཀུང་སིའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། 2024ལོ་འཁོར་གྱི་ཧྲང་ཧའེ་དང་ཧྲེན་ཀྲེན་གྱི་Aརྐང་གི་ཁྲོམ་ཞུགས་ཀུང་སིའི་དངུལ་སྨར་བགོ་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.4ཟིན་ཏེ་2023ལོ་འཁོར་ལས་9%མང་དུ་ཕྱིན་ཡོད། ཁྲོམ་ཞུགས་ཀུང་སི་9ཡི་2024ལོ་འཁོར་གྱི་དངུལ་སྨར་བགོ་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་500ལྷག་ཟིན་པ་དང་ཁྲོམ་ཞུགས་ཀུང་སི་33གྱི་བགོ་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་100ལྷག་ཟིན་ཡོད། སྤྱི་ཡོངས་ཀྱི་བགོ་འགྲེམས་ཆུ་ཚད་བརྟན་པོའི་ངང་འཕར་ནས། ཁྲོམ་ཞུགས་ཀུང་སིའི་བགོ་འགྲེམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཏེ་མ་འཇོག་བྱེད་མཁན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད།

    དེ་དང་ཆབས་ཅིག་ཁྲོམ་ཞུགས་ཀུང་སིའི་བགོ་འགྲེམས་ཀྱི་རྒྱུན་མཐུད་རང་བཞིན་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་རྒྱུན་མཐུད་བགོ་འགྲེམས་རྒྱག་མཁན་གྱི་ཁྲོམ་ཞུགས་ཀུང་སིའི་གྲངས་འབོར་ལོ་རེ་བཞིན་མང་དུ་སོང་ཡོད། ཁྲོམ་ཞུགས་བྱས་ནས་ལོ་3སོང་བའི་ཧྲང་ཧའེ་དང་ཧྲེན་ཀྲེན་གྱི་Aརྐང་གི་ཁྲོམ་ཞུགས་ཀུང་སི་4445ཡི་ཁྲོད་ཀུང་སི་2447གྱིས་ཉེ་བའི་ལོ་3རིང་དངུལ་སྨར་བགོ་འགྲེམས་བསྟུད་མར་བརྒྱབ་པ་དང་གྲངས་འབོར་2023ལོ་འཁོར་ལས་12%མང་དུ་སོང་ཡོད། ཁྲོམ་ཞུགས་བྱས་ནས་ལོ་5སོང་བའི་ཧྲང་ཧའེ་དང་ཧྲེན་ཀྲེན་གྱི་Aརྐང་གི་ཁྲོམ་ཞུགས་ཀུང་སི་3569ཡི་ཁྲོད་ཀུང་སི་1681གིས་ཉེ་བའི་ལོ་5ཡི་རིང་དངུལ་སྨར་བགོ་འགྲེམས་བསྟུད་མར་བརྒྱབ་པ་དང་གྲངས་འབོར་2023ལོ་འཁོར་ལས་6%འཕར་ཡོད། དེའི་ཁྲོད་ཀུང་སི་210ཡི་བགོ་འགྲེམས་ལོ་5ཡི་རིང་བསྟུད་མར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།