ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་སོས་པ་ཀྲུང་གོར་ཕྱིར་གཏོང་བྱས་པ་ལས།
ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་གཏམ་རྒྱུད་ཆེན་པོ་མངོན་པ།
འདི་ནི་ZZ2ཀུང་སིའི་ཤིང་ཏོག་ཉིའུ་ཡིའུ་གོ་ཐུམ་སྒྲིལ་བཟོ་གྲྭའི་ཚོད་འཛིན་ཁང་དུ་ལག་རྩལ་པ་ཞིག་གིས་ཤིང་ཏོག་ཉིའུ་ཡིའུ་གོ་རང་འགུལ་དབྱེ་འབྱེད་ཀྱི་གནས་ཚུལ་ཟིན་ཐོར་འགོད་བཞིན་པ།
འདི་ནི་ZZ2ཀུང་སིའི་ཤིང་ཏོག་ཉིའུ་ཡིའུ་གོ་ཐུམ་སྒྲིལ་བཟོ་གྲྭར་བཟོ་པས་ཤིང་ཏོག་ཉིའུ་ཡིའུ་གོ་ཐུམ་རྒྱག་བཞིན་པ། (གོང་གི་པར་གཉིས་ནི་འདི་ག་ཚགས་པར་གྱི་གསར་འགོད་པ་ཏའེ་ཁའེ་རན་གྱིས་བླངས)
ཤིང་ཏོག་ཉིའུ་ཡིའུ་གོ་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ལྡུམ་ར་ནས་བཀོག་སྟེ་ཡུན་རིང་མི་སོང་བར་ཀྲུང་གོའི་འཛད་སྤྱོད་པའི་ལག་ཏུ་འབྱོར་རྒྱུ་རེད། ཀྲུང་གོའི་ཁྲོམ་རར་ཤིང་ཏོག་ཉིའུ་ཡིའུ་གོའི་འཛད་སྤྱོད་བྱེད་སྟངས་སྔར་བས་སྣ་མང་ཅན་དུ་གྱུར་བ་དང་འཛད་སྤྱོད་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཀྲུང་གོའི་ཁྲོམ་རར་ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ཀྱི་ཤིང་ཏོག་ཉིའུ་ཡིའུ་གོ་ཡི་ཚོང་ལམ་འབྱེད་པར་གོ་སྐབས་བསྐྲུན་ཡོད།
2023ལོར་ཀྲུང་གོར་གཏོང་བའི་ཆོག་མཆན་ཐོབ་པ་ནས་བཟུང་། ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་སོས་པ་ཀྲུང་གོའི་ཁྲོམ་རར་རྒྱུན་མཐུད་བཏོན་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཉེ་ཆར་གསར་འགོད་པས་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཐོན་སྐྱེད་ཁེ་ལས་དང་ཤིང་ཏོག་ཉིའུ་ཡིའུ་གོ་ལས་རིགས་མཐུན་ཚོགས་ལ་བསྐྱོད་ནས་ཤིང་ཏོག་ཉིའུ་ཡིའུ་གོ་ལས་མཚོན་པའི་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་གཏམ་རྒྱུད་སྐོར་བཅར་འདྲི་བྱེད་པར་བསྐྱོད་ཡོད།
“ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ལས་གཉེར་མཁན་གྱི་སེམས་ཤུགས་འཕེལ་བ”
ཤིང་ཏོག་ཉིའུ་ཡིའུ་གོ་ནི་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་སྐྱེ་དངོས་གལ་ཆེན་ཞིག་ཡིན་པ་དང་དེའི་འདེབས་ཁྱོན་སྤྱི་ཆིང་ཁྲི་2ལྷག་ཙམ་ཟིན་པ་མ་ཟད། ལོ་ལྟར་སྤྱི་ཆིང་800འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ལིན་པོ་པོ་ཞིང་ཆེན་ནི་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཐོན་ཁུལ་གཙོ་བོའི་གྲས་ཤིག་རེད། ཝུའེ་སི་ཐེ་ཧྥ་ལི་ཡ་ཀུང་སིའི་ཨ་ཧྥེ་རི་ཁའི་ཚོང་དོན་སྤྱི་ཁྱབ་ལྟ་ཞིབ་པ་ཧན་སི·པོ་ཡིའུ་མུའུ་ཡིས་མིག་སྔར་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོའི་ལོ་རེའི་ཐོན་འབབ་ཏུན་ཁྲི་16ཙམ་ཟིན་པའི་ཁྲོད་ནས་40%ནས་45%བར་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་གཏོང་བྱེད་པ་དང་ལོ་རེའི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་ལན་ཐེ(མི་དམངས་ཤོག་སྒོར་1ལ་ཧ་ལམ་ལན་ཐེ་2.47ཙམ་ཟིན་པ)དུང་ཕྱུར་50ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“ལྷོ་ཨ་ཧྥེ་རི་ཁ་ནི་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྲོམ་རས་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཕྱིར་གཏོང་ལ་ཐབས་ལམ་དེ་བས་རྒྱ་ཆེ་བ་བཤངས་ཡོད”ཅེས་པོ་ཡིའུ་མུའུ་ཡིས་བཤད། ཁོང་གིས“ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཀྲུང་གོའི་ཁྲོམ་རར་བཏོན་པ་དེས་ཀྲུང་གོའི་འཛད་སྤྱོད་པར་གདམ་ག་དེ་བས་མང་དུ་སོང་ཡོད་ལ། ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ལས་གཉེར་མཁན་གྱི་སེམས་ཤུགས་ཀྱང་འཕེལ་ཡོད”ཅེས་བཤད།
“ཀྲུང་གོའི་ཁྲོམ་རར་དམིགས་བསལ་གྱི་འགྲན་རྩོད་ལེགས་ཆ་བཏོད་པ”
“སྐྱེལ་འདྲེན་གྱི་ལྷུ་ཚིགས་ནས་བལྟས་ཚེ། ཤིང་ཏོག་ཉིའུ་ཡིའུ་གོ་སོས་པ་སྐྱེལ་འདྲེན་བྱེད་པའི་དུས་ཚོད་ལ་རེ་བ་ནན་པོ་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་གཏོང་བའི‘ཤར་གཏོང་བགྲོད་ལམ”བཏོད་པ་དེས་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཀྲུང་གོར་གཏོང་བར་སྟབས་བདེ་ཧ་ཅང་ཆེན་པོ་བྱུང་ཡོད” ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཀྲུང་གོའི་གྲུ་ཁར་འབྱོར་རྗེས། འགག་སྒོ་ལས་ཁུངས་ཀྱིས“ཤར་གཏོང་བགྲོད་ལམ”ཀྱི་ཚད་གཞི་ལྟར“ལས་མི་མངགས་མི་དགོས་པར་ཞིབ་བཤེར་བྱེད་པ”སོགས་ཀྱི་འགག་སྒོ་སྒྲོལ་བའི་བྱེད་ཐབས་སྟབས་བདེ་སྤྱད་དེ། སྔོན་ལ་ཞིབ་བཤེར་བཀོད་སྒྲིག་དང་རྗེས་སུ་འགག་སྒོ་སྒྲོལ་གྱི་ཡོད་ཅེས་བཤད།
“ཐོན་ལས་ཀྱི་རྨང་གཞི་ནས་བལྟས་ཚེ། ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོའི་ལྡུམ་ར་མང་ཆེ་བ་གཞི་ཁྱོན་ཆེ་བའི་གཉེར་སྐྱོང་བྱེད་སྟངས་ཡིན་པ་དང་། འདེབས་སྟངས་ཞིབ་ལས་ཅན་དང་ཆེད་ལས་ཅན་ཡིན་པས། བཏུས་རྗེས་དབྱེ་འབྱེད་དང་གྲང་སྦྲེལ་སྐྱེལ་འདྲེན་སོགས་ཀྱི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད”ཅེས་ZZ2ཀུང་སིའི་ཁྲོམ་རའི་ཅིང་ལི་ཁེ་ལའེ་ཧྥུའུ·ཅ་ལེ་ཐེ་ཡིས་བཤད། ཁོང་གིས། མིག་སྔར་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཀྲུང་གོའི་གྲུ་ཁར་དབོར་བའི་ཆ་སྙོམས་དུས་ཚོད་ཉིན་22ནས་ཉིན་25བར་ཡིན་པ་དང་། ཁོང་ཚོས་དེ་བས་འཐུས་སྒོ་ཚང་བའི་གྲང་སྦྲེལ་ལག་རྩལ་སྤྱད་ནས་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་མུ་མཐུད་ལེགས་སུ་བཏང་སྟེ་ཐོན་རྫས་ཀྱི་སྤུས་ཚད་དང་སྐྱེལ་འདྲེན་གྱི་དུས་ཚོད་འགན་ལེན་བྱས་ནས། “ཀྲུང་གོའི་ཁྲོམ་རར་ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོའི་དམིགས་བསལ་གྱི་འགྲན་རྩོད་ལེགས་ཆ་མངོན་པར་བྱས་ཡོད”ཅེས་བཤད།
“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དམ་འཛིན་བྱེད་པ”
“ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ལས་རིགས་ཀྱིས་ཀྲུང་གོ་འདི་ཉིད་གཙོ་གནད་གསར་འབྱེད་ཀྱི་གསར་དར་ཁྲོམ་རའི་གྲས་ལ་བརྩི་བཞིན་ཡོད། སྒོ་ཁྲལ་མེད་པ་བཟོ་བའི་སྲིད་ཇུས་ལག་ལེན་བསྟར་བ་དེས་ང་ཚོའི་ཕྱིར་གཏོང་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་འགྲོ་ངེས་རེད”ཅེས་ལྷོ་ཨ་ཧྥེ་རི་ཁའི་ཚ་ཁུལ་ཕལ་པའི་ཤིང་ཏོག་འདེབས་འཛུགས་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཏེ་ལེ་ཁེ·ཏུའུ་ཅིན་གྱིས་བཤད། ཁོང་གིས“ལྷོ་ཨ་ཧྥེ་རི་ཁའི་ཚ་ཁུལ་ཕལ་པའི་ཤིང་ཏོག་འདེབས་འཛུགས་མཐུན་ཚོགས་ཀྱིས་འབྲེལ་ཡོད་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་ཀྲུང་གོ་སོགས་ཀྱི་ཁྲོམ་རར་ཤིང་ཏོག་ཉིའུ་ཡིའུ་གོའི་ཁྱད་ལྡན་ཟས་རིགས་བཟོས་ནས་ཀྲུང་གོའི་འཛད་སྤྱོད་པ་དེ་བས་མང་བས་བདེ་ཐང་གི་ཤིང་ཏོག་འདི་རིགས་ལ་དགའ་པོ་ཡོང་བར་བྱས་ཡོད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཉིའུ་ཡིའུ་གོ་ཚུད་པའི་ཨ་ཧྥེ་རི་ཁའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྲུང་གོའི་ཁྲོམ་རར་མུ་མཐུད་བྲིན་ཁ་རྒྱུག་པོ་བྱུང་ནས་ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་མཉམ་ལས་དེ་ཀྲུང་ཧྥེའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ཏུའུ་ཅིན་གྱིས“ང་ཚོས་ཧྥེ་ཀྲུང་གི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལ་དམ་འཛིན་བྱས་ཏེ་འདེབས་ཁྱོན་དང་ཐོན་འབབ་མུ་མཐུད་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཁྲོད་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།