དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཆུ་འཐུང་དུས་ཁྲོན་པ་དྲན·གཙང་གསུམ་ཆུ་འགོའི་གསང་བ་མྱུལ”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་11ཉིན། ཟི་ལིང་དུ“ཆུ་འཐུང་དུས་ཁྲོན་པ་དྲན·གཙང་གསུམ་ཆུ་འགོའི་གསང་བ་མྱུལ”ཞེས་པའི་སྤྱི་ཕན་བྱེད་སྒོ་སྐབས་ལྔ་པ་སྤེལ་ཞིང་། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ཏེ་གཙང་གསུམ་ཆུ་འགོའི་ཡུལ་དངོས་སུ་ཉམས་ལེན་བྱས་ཏེ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་གལ་ཆེན་གྱི་རིན་ཐང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་གི་གྲུབ་འབྲས་ཤེས་རྟོགས་བྱེད་པ་དང་། གཙང་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཆའི་འཕེལ་རྒྱས་ཆེད་གཙང་གསུམ་ཆུ་འགོ་ས་ཁུལ་གྱིས་ཕུལ་བའི་འབད་བརྩོན་དང་ལེགས་སྐྱེས་སྐོར་དྲིལ་བསྒྲགས་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་ནས་སེམས་ནུས་གཅིག་སྒྲིལ་བྱས་ཏེ་ཐབས་ལམ་ཤར་བགྲོད་དང་ལས་སྟེགས་འཛུགས་པ། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་འཛུཌ་སྐྱོང་ནང་དམངས་ཚོགས་ཉེ་བཅར་དང་། ཤེས་རྟོགས། མཉམ་ཞུགས་བཅས་བྱེད་པར་གོ་སྐབས་རྩ་ཆེན་མཁོ་འདོན་བྱེད་པ་བཅས་ཀྱི་ཆེད་དུ་རེད།

    ཞིང་ཆེན་ཕྱི་ནང་གི་ཁེ་ལས་མཁས་ཅན་དང་། སྐྱེ་ཁམས་ཀྱི་གཅེས་སེམས་མི་སྣ། དངུལ་རྩའི་ཁོངས་གཏོགས་ཀྱི་འཐུས་མི་སོགས་མི་70ལྷག་ཙམ་གྱིས་ཉིན་ལྔའི་རིང་གི་འབྲི་ཆུའི་ཆུ་འགོ་སྙེག་པ་དང་། རྨ་ཆུའི་ཆུ་འགོ་འཚོལ་བ། རྫ་ཆུའི་ཆུ་འགོ་འཚོལ་བ་བཅས་ཀྱི་འགྲུལ་བཞུད་ཁྲོད་གཙང་གསུམ་ཆུ་འགོ་རྒྱུག་ཁུལ་དུ་བསྐྱོད་དེ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ས་ཡུལ་དངོས་སུ་རྩད་ཞིབ་བྱས་པ་དང་། ཡུལ་དེ་གའི་སྐྱེ་ཁམས་སྲུང་སྐྱོང་གི་བྱེད་ཐབས་དང་འབྲོག་པ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ནང་ཞུགས་པའི་ལག་ལེན་ཉམས་མྱོང་། དེ་བཞིན་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་ཁྲོད་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བའི་གྲུབ་འབྲས་བཅས་ལ་ཤེས་རྟོགས་བྱས་ཡོད། ཉམས་ལེན་བརྒྱུད་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་གྱི་ངོས་འཛིན་ཐུབ་ཤུགས་སྔར་བས་ཆེ་རུ་བཏང་ནས་འབྱུང་འགྱུར་སྐྱེ་ཁམས་སྲུང་སྐྱོང་གི་བྱ་གཞག་ནང་ཞུགས་པ་དང་རྒྱབ་སྐྱོར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་བ་དང་། འཚོལ་ཞིབ་ཀྱི་འགྲུལ་བཞུད་བརྒྱུད་ནས་མི་སྔར་བས་མང་པོ་སྐྱེ་ཁམས་སྲུང་སྐྱོང་གི་ཁྱབ་སྤེལ་བ་དང་ལག་ལེན་པར་འགྱུར་བར་བྱས་ཏེ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ཡོད།

    ད་རེས་ཀྱི་བྱེད་སྒོ་ནི་གཙང་གསུམ་ཆུ་འགོ་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། གཏེར་ལྔ་རྒྱལ་སྤྱིའི་ཡིད་རྟོན་མངག་བཅོལ་ཚད་ཡོད་ཀུང་སི། ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།