བོད་ཀྱི་ནས་ཀྱི་ལོའི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ཟིན་པ།
གསར་འགོད་པར་བོད་ཀྱི་ནས་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོར་བོད་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་230.1ཟིན་པ་དང་ཐོན་ཚད་ཏུན་ཁྲི་88.8ཟིན་ནས་རྒྱལ་ཡོངས་ཀྱི་47%དང་64%ཁག་སོ་སོར་བཟུང་ཡོད། མུའུ་རེའི་ཆ་སྙོམས་ཐོན་འབབ་སྤྱི་རྒྱ་385ཟིན་ནས་1975ལོ་ལས་ལྡབ་2.2འཕར་ཡོད། གཞི་ཁྱོན་ཅན་གྱི་ལས་སྣོན་ཁེ་ལས་38ལ་བརྟེན་ནས་རང་ལྗོངས་ཀྱི་ནས་ཀྱི་ལོའི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ཟིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ནས་ཀྱིས་རབས་བཞི་པའི་གཞི་ཁྱོན་ཆེ་བའི་སྣ་ཁ་གསར་བརྗེས་ཀྱི་དུས་རབས་བསུ་རྒྱུ་ཡིན་ཞིང་། “བོད་ནས་ཨང་3000”དང“བོད་ནས་ཨང་17”གྱིས་ཚབ་མཚོན་བྱས་པའི་སྣ་ཁ་གསར་པར་ཁུལ་ཁོངས་ཀྱི་ཚོད་ལྟ་དང་ཐོན་སྐྱེད་ཀྱི་དཔེ་སྟོན་ལེགས་གྲུབ་བྱུང་ཡོད། རིམ་རྩིས་བརྒྱབ་ན། རང་ལྗོངས་ཀྱིས་སྣ་ཁ་གསར་པ་78འདེམས་གསོ་བྱས་པ་དང་། “བོད་ནས་ཨང་3000”དང“བོད་ནས་ཨང་17” “བོད་ནས་ཨང་18”བཅས་ལ་ཐོན་བབ་མཐོ་བ་དང་། ལོ་ཏོག་མི་ཉལ་བ། β-རྒུན་འབྲུམ་འདུས་མངར་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
བོད་ཀྱིས་གོ་ལ་ཧྲིལ་པོའི་ནས་ཀྱི་གཞི་རྒྱུའི་ཞིབ་ཕྲའི་དཔེ་རིས་ཐོག་མར་བཟོས་པ་དང་། མུའུ་ཁྲི་15ཡི་སོན་བཟང་འདེབས་གསོའི་རྟེན་གཞི་བསྐྲུན་པས། ལོར་སོན་བཟང་མཁོ་འདོན་བྱེད་ཚད་སྤྱི་རྒྱ་ཁྲི་3000ཟིན་ནས་རིགས་ཆེ་གྲས་4ཡི་ཐོན་རྫས་སྣ་ཁ་80ལྷག་ཙམ་གསར་སྤེལ་ཐུབ་ཡོད། ལས་སྟེགས་832དང་ཅིང་ཏུང་སོགས་དྲ་ཚོང་དང་དེ་བཞིན་ནང་འདྲེན་འགྲེམས་ཚོགས་དང་ཞིང་ཞོར་ཐོན་རྫས་འགྲེམས་ཚོགས་སོགས་འགྲེམས་ཚོགས་ལ་བརྟེན་ནས“བོད་ནས”ཀྱི་ཁུལ་ཁོངས་སྤྱི་སྤྱོད་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་མུ་མཐུད་ཆེ་རུ་བཏང་ཡོད།
མིག་སྔར། “ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་བྱེད་ཐབས་ནས་ཀྱི་ཐོན་ཁུལ་གཙོ་བོར་ཁྱབ་ཡོད། པ་སྣམ་རྫོང་དཀྱིལ་མཁར་གྲོང་ཚོས་བྱེད་ཐབས་དེ་ཁྱབ་གདལ་བཏང་བས་དུད་ཚང་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཙམ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།