ཀྲུང་གོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དངོས་སུ་སྒོ་ཕྱེ་བ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལྟེ་བའི་གྲོང་ཁྱེར་གྱི་ཞབས་ཞུའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་ཆེད། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྷ་ས་གྲོང་ཁུལ་གྱི་ལས་ཚིགས་17གྱི་ལེགས་ལྡན་ཐོན་ཁུངས་གཅིག་སྡུད་བསྡུ་སྒྲིལ་བྱས་པ་དང་ཀྲུང་གོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བཙུགས་ཏེ། ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། ཟླ་8ཚེས་8ཉིན། ལྟ་འདོམས་ཚན་པའི་ཆོག་མཆན་དངོས་སུ་ཐོབ་པ་བརྒྱུད་ཀྲུང་གོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དངོས་སུ་སྒོ་ཕྱེ་བ་རེད།
འབྲེལ་ཡོད་གསར་འགྱུར།