དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོང་དཀར་རྫོང་སྲིད་གྲོས་ཀྱིས་ཁྲང་ཧྲ་གྲོང་ཁྱེར་སྲིད་གྲོས་དང་མཉམ་དུ།

    རྫོང་ཡོངས་ཀྱི་ལོ་18མན་གྱི་བྱིས་པ་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-14

    འདི་ལོའི་ཟླ་བ་གསུམ་པར། གོང་དཀར་རྫོང་སྲིད་གྲོས་ཀྱིས་བརྟག་ཞིབ་བྱེད་རིང་ས་གནས་དེ་གའི་བྱིས་པ་དབང་པོ་སྐྱོན་ཅན་འགའི་འཚོ་བ་དང་སྨན་བཅོས་ལ་དཀའ་ངལ་མང་པོ་འཕྲད་བཞིན་པ་ཤེས་རྟོགས་ཐུབ་ནས་འཕྲལ་མར་ཁྲང་ཧྲ་མ་ལན་ཧྲན་སྲིད་གྲོས་ཨུ་ཡོན་ལས་དོན་ཁང་ལ་རོགས་པ་བྱེད་རོགས་ཞུས་ཤིང་། ཁྲང་ཧྲ་གྲོང་ཁྱེར་སྲིད་གྲོས་ཀྱིས་དོན་དེར་འཕྲལ་མར་བརྡ་ལན་སྤྲད་དེ་གོང་དཀར་རྫོང་ཡོངས་ཀྱི་ལོ་ན་མ་ལོན་པ་ནས་ལོ་18བར་གྱི་བྱིས་པ་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱ་རྒྱུའི་ཐག་བཅད་པ་རེད།

    ས་གནས་གཉིས་ཀྱི་སྲིད་གྲོས་ཀྱིས་མཐུན་སྦྱོར་དམ་ཟབ་བྱས་པ་བརྒྱུད། གོང་དཀར་ཕྱོགས་ནས་དགོས་མཁོར་དབྱེ་ཞིབ་ནན་ཏན་དང་། ཁྲང་ཧྲ་ཕྱོགས་ཀྱིས་མ་དངུལ་སྤྱི་འདོམས་ཧུར་ཐག་བྱས་ཏེ། སྦྲེལ་མཐུད་གནད་སྨིན་འོག་གཅེས་སེམས་ཀྱི་སྟོབས་ཤུགས་གང་མགྱོགས་གཅིག་ཏུ་བསྒྲིལ་ཞིང་། ཞལ་འདེབས་རྒྱག་པའི་མཛད་སྒོར། ཧུའུ་ནན་ཁོ་ཧྥུའུ་སྨན་བཅོས་སོགས་ཚན་པས་ཉན་ཤུགས་དབྱེ་གསེས་འཕྲུལ་ཆས་དང་། སྟེགས་འཁོར། སྨན་བཅོས་སྒམ་སོགས་བསྐྱལ་བ་དང་། ཧུའུ་ནན་ཞིང་ཆེན་ཆུ་བེད་ལས་གྲྭ་མཐུན་ཚོགས་སོགས་ཚན་པ་10དང་གཅེས་སེམས་ཁེ་ལས་ཀྱིས་ཀྱང་རོགས་སྐྱོར་ནུས་ལྡན་བྱས་ཡོད། གྲབས་གསོག་ཐུབ་པའི་དངོས་ཟོག་དང་མ་དངུལ་དག་ས་གནས་སྨན་ཁང་གི་སྨན་བཅོས་ཆུ་ཚད་དང་བྱིས་པའི་གཟུགས་ཁམས་སླར་གསོའི་ནུས་པ་མཐོ་རུ་གཏོང་བར་སྤྱོད་རྒྱུ་ཡིན་པ་རེད།

    དུས་ཐུང་ཟླ་བ་འགའི་ནང་ལེ་དབར་སྟོང་བརྒལ་བའི་རོགས་སྐྱོར་བྱ་སྤྱོད་སྤེལ་ནས་གོང་དཀར་རྫོང་གི་བྱིས་པ་དབང་པོ་སྐྱོན་ཅན་115ལ་རོགས་རམ་བྱས་པ་དེས“དགོས་མཁོ་སྦྲེལ་མཐུད་དང་། སྲིད་གྲོས་མཉམ་འགུལ། ཐོན་ཁུངས་གཅིག་སྡུད་བཅས་ཟུང་འབྲེལ”གྱི་བོད་སྐྱོར་རྣམ་པ་གསར་པ་ཞིག་སྔར་བས་འཚོལ་ཞིབ་ཐུབ་ནས་ཧུའུ་ནན་དང་བོད་དབར་གྱི་མཛའ་གཅུགས་མེ་ཏོག་མཐའ་མཚམས་ས་ཁུལ་ལ་རབ་ཏུ་བཞད་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་པ་མ་ཟད། ས་གནས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་དེ་བས་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།