སྙིང་རུས་ལྷོད་མེད་ཀྱིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས།
—— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། འགན་འཁུར་གྱི་སྙིང་སྟོབས་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་འཆར་འགོད་ཀྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།
འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ང་ཚོས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་ཐུབ་མིན་དེ་འཇོན་ཐང་དང་ལས་ཀའི་ཆུ་ཚད་ལ་ཐད་ཀར་ཞིབ་དཔྱད་བྱེད་པ་ཞིག་ཡིན་པ་མ་ཟད། ཏང་གཤིས་གོ་རྟོགས་དང་འགན་འཁུར་སྤྱོད་ཚུལ་གྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། ད་ལོའི་ལོ་སྨད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་བར་འགན་ལེན་བྱེད་པར་གཡོ་ཟོལ་སྤུ་ཙམ་ཡང་བྱེད་མི་རུང་བ་དང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བར་ངེས་པར་དུ་འབད་བརྩོན་ལྡབ་བརྒྱ་བྱེད་དགོས། རིམ་ཁག་ཏང་ཨུད་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་མཐོ་རུ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། དོན་དངོས་ལ་རྟོག་ཞིབ་དང་། ཐབས་ཇུས་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དོན་གཉེར་བཅས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བྱས་རྗེས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི”བསམ་བློའི་འཁྱེར་སོར་བརྟེན་ནས། གཞན་གྱི་མདུན་དུ་སྐྱོད་པ་དང་གཞན་གྱི་སྔོན་ལ་ལས་དོན་བསྒྲུབས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་རྒྱུགས་ལན་ཡག་པོ་ཞིག་ཧུར་ཐག་འབུལ་དགོས།
གནད་དོན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་དང་ལས་ཀའི་འགག་གནད་སྒྲོལ་ས་ཞིག་རེད། གནད་དོན་ལ་མཐོང་ཆེན་དང་གནད་དོན་ཐག་གཅོད་བྱས་ན་གཞི་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་མི་སེམས་ཐོབ་ཐུབ། གནད་དོན་འགེབས་ཅི་ཐུབ་བྱས་ན་གནད་དོན་ཆུང་ངུ་སྐྱོན་ཆ་ཆེན་པོར་གྱུར་ནས་སྤྱི་ཡོངས་ཀྱི་ལས་ཀའི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་སྲིད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་དེར་སྒྲུབ་དཀའ་བ་དང་ཏན་ཏིག་སྒྲུབ་དགོས་པའི་ལས་ཀ་མང་པོ་ཡོད་ལ། ལས་དོན་ཁག་གི་ལས་འགན་དེ་བས་ལྕི་པོ་ཡོད་པས། ངེས་པར་དུ“རྩིས་སྤྲོད་པའི”འདུ་ཤེས་ཟབ་ཏུ་གཏོང་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་འགོའི་དམིགས་ཚད་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལས་འགན་དང་ལྟ་བསྡུར་ནན་ཏན་བྱེད་པ་དང་། ལྷག་པར་དུ་འཕེལ་རྒྱས་ལ་མཁོ་བ་དང་། སྒྱུར་བཅོས་ལ་འཕྲལ་མཁོ་ཆེ་བ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་ལས་དོན་རེ་རེ་བཞིན་གསེད་བཀྲོལ་བྱས་ནས་ཐབས་ཇུས་དངོས་བཏོན་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་ཚད་ལས་འགན་དང་ལས་ཀའི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་། ཤུགས་ཚད་ཡོད་པ། ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་དགོས།
ལས་བྱེད་པར་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། དམིགས་ཚད་གཏན་འཁེལ་བྱུང་རྗེས་ལས་བྱེད་པ་ནི་ཐག་གཅོད་མཁན་གཙོ་བོ་ཡིན་པས། ལས་འགན་ལྗིད་རྫོབ་ཇི་ཙམ་ཆེ་ན་ལས་བྱེད་པས་དེ་ཙམ་གྱིས་དངོས་འཛིན་དངོས་སྒྲུབ་བྱེད་དགོས། ཕྱོགས་གཅིག་ནས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་བཅས་བྱས་ཏེ། ཇི་མ་ཇི་བཞིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། དམ་པ་དོན་གཉེར། སྒྲུབ་ཕོད་པ་དང་སྒྲུབ་མཁས་པ་བཅས་ཏན་ཏིག་བྱེད་དགོས་ཤིང་། ཕྱོགས་གཞན་ཞིག་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཏེ་ཁ་ནས་ཤོད་ཙམ་དང་། རྣམ་འགྱུར་སྟོན་ཙམ། བཟོ་ལྟ་འདོན་ཙམ་བཅས་ཀྱི་དོན་འཁྱོལ་བྱ་ཐབས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་གྱི་བྱ་ཐབས་གལ་ཆེན་འདི་ཡག་པོ་སྤྱད་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཀའི་བྱ་ཐབས་གནད་ལ་མི་འཁེལ་བ་དག་རང་དགར་མི་འཇོག་པ། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་མེད་པ་དག་རང་དགར་མི་འཇོག་པ། མི་རིགས་ཁག་གི་མང་ཚོགས་བློ་ཡིད་མི་ཚིམ་པ་དག་རང་དགར་མི་འཇོག་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་སེམས་ཤུགས་དེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐོག་འཇོག་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་ང་ཚོའི་ལས་དོན་ལ་ཞིབ་དཔྱད་བྱེད་དགོས།
རང་རེའི་ཏང་གི་བྱ་གཞག་ནི་བསྒྲུབས་ནས་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། ང་ཚོས་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང་། དེ་བས་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ། དེ་བས་ཏན་ཏིག་ནུས་ལྡན་གྱི་ལས་ཀའི་བྱ་ཐབས་བཅས་ལ་བརྟེན་ནས་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཚེ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དག་མངོན་འགྱུར་བྱུང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།