དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཡོན། ལིའུ་ལིན་ལིན།   |     སྤེལ་དུས།  2025-08-13

    “ཀྲུང་གོས་རང་ཉིད་ཁོ་ནའི་འཕེལ་རྒྱས་བརྩོན་ལེན་མི་བྱེད་པར་དེ་བས་མེ་ཏོག་མཉམ་བཞད་ཐུབ་པ་ཡོང་བ་བྱས་ཏེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད”

    རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བདེ་རྩར་དམིགས་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་གཟབ་ནན་ངང་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཆོད་སེམས་མཚོན་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་བདེ་རྩ་དོན་གཉེར་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་། ཞི་བདེ་ལས་དམག་འཁྲུག་མིན་པ་དང་། མཉམ་ལས་ལས་འགྲན་རྒོལ་མིན་པ། གསར་གཏོད་ལས་གཏོར་བཤིག་མིན་པ་བཅས་དར་སྤེལ་བཏང་སྟེ་འཛམ་གླིང་ལ་མིག་དཔེ་བསྟན་ཡོད”ཅེས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་རྒྱལ་ཁབ་མང་པོའི་ཐུན་མོང་གི་མྱོང་ཚོར་བརྗོད།

    ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་སྤྱི་ཡོངས་ནས་དེང་རབས་ཅན་དུ་བསྐྱོད་པ་དེ་ཐོག་ནས་ད་ཡོད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གཞི་ཁྱོན་གྱི་བསྡོམས་འབོར་ལས་བརྒལ་བའི་ཁྲོམ་ར་ཧ་ཅང་ཆེན་པོ་ཞིག་གྲུབ་པ་མཚོན་གྱི་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགྲོ་ལམ་གང་འདྲ་ཞིག་ཏུ་སྐྱོད་དགོས་པ་དེ་ཀྲུང་གོའི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་དང་ཡང་འབྲེལ་བ་ཡོད།

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་རེད”ཅེས་ཀྲུང་གོའི་དུས་ཡུན་རིང་པོའི་ལག་ལེན་འཚོལ་ཞིབ་ལ་བསམ་གཞིག་གཏིང་ཟབ་དང་རྒྱལ་སྤྱིའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་མཐར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོད་སྡོམ་གལ་ཆེན་གནང་བ་རེད།

    ཞི་བདེ་དང་འཆམ་མཐུན་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་5000ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་དོན་གཉེར་དང་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ནང་གཞན་ལ་བཙན་འཛུལ་དང་བཙན་པོ་དབང་ཡོད་ཤོད་པའི་གཞི་རྒྱུ་མེད།

    “ཀྲུང་གོ་བས་གནའ་སྔ་མོ་ནས་བཟུང‘རང་གིས་བྱེད་འདོད་མེད་པ་རྣམས་གཞན་ལ་བྱེད་དུ་འཇུག་མི་རུང་བ’དང་། ‘གནམ་འོག་སྤྱི་སྙོམས’‘རྒྱལ་ཁབ་ཁྲི་སྟོང་འཆམ་མཐུན’བཅས་ཀྱི་འདུ་ཤེས་ལ་བརྩི་སྲུང་ཞུ་གི་ཡོད་ལ་ཀྲུང་གོས་རྒྱལ་ཁབ་སྟོབས་ཆེར་གྱུར་ཚེ་ངེས་པར་དུ་བཙན་དབང་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་མི་སྲིད་པ་མ་ཟད་ཁྱོད་ཕམ་ང་རྒྱལ་གྱི་རྒྱལ་ཕམ་རོལ་རྩེད་ཀྱང་ཁས་ལེན་མི་སྲིད། གང་ལགས་ཤེ་ན། ཀྲུང་གོ་བར་རིག་གནས་ཀྱི་ས་བོན་དེ་རིགས་གཏན་ནས་མེད་ལ་འདོད་རྔམ་དེ་རིགས་དེ་བས་ཀྱང་མེད་པས་རེད། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་སྟོབས་ཤུགས་འཕེལ་རྒྱས་ཕྱིན་པ་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་ཁྲོད་ཀྱི་ཞི་བདེའི་ངོ་བོར་རྒྱས་བཤད་གནང་བ་རེད།

    ལོ་རྒྱུས་ཐོག་རྒྱལ་ཁབ་ཁག་གཅིག་གིས་དམག་འཁྲུག་དང་། མི་སེར་སྤེལ་བ། འཕྲོག་བཅོམ་སོགས་ཀྱི་བྱ་ཐབས་བརྒྱུད་དེང་རབས་ཅན་མངོན་འགྱུར་ཡོང་ཐབས་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་དཀའ་སྡུག་ཚད་མེད་བཟོས་ཡོད། རང་ཕན་གཞན་གནོད་དང་ཁྲག་དྲི་བྲོ་བའི་སྡིག་ཉེས་ཀྱིས་ཁེངས་པའི་ལམ་བུ་རྙིང་པ་དེ་རིགས་ལ་ཀྲུང་གོས་འགྲོ་མི་རུང་ལ་གཏན་ནས་ཀྱང་འགྲོ་མི་སྲིད། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་དང་མཉམ་ལས་གཉིས་ཁེ་ཡོང་ཐབས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།

    ད་བར་གོ་ལ་ཧྲིལ་པོར་དེང་རབས་ཅན་དུ་སླེབས་པའི་རྒྱལ་ཁབ་20ལྷག་ཙམ་ལས་མེད་པ་དང་མི་འབོར་བསྡོམས་འབོར་དུང་ཕྱུར་10ཟིན་ཞིང་། མི་དུང་ཕྱུར་6.73ཙམ་སྔར་བཞིན་བཀྲེས་ལྟོགས་ཀྱི་གནས་སུ་གྱར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཛམ་གླིང་གི་དར་རྒྱས་དང་བརྟན་ལྷིང་དེ་དབུལ་པོ་དབུལ་པོར་འགྱུར་བ་དང་ཕྱུག་པོ་ཕྱུག་པོར་འགྱུར་བའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ག་ལ་ཡིན། རྒྱལ་ཁབ་ཁག་གིས་དེ་བས་བསྟུན་མཁས་དང་། དེ་བས་ཀུན་ཕན། དེ་བས་མཉེན་ཤུགས་ཆེ་བ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བསྟན་གནང་བ་རེད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་གནམ་འོག་ལ་བཅངས་པའི་བརྩེ་བ་ཟབ་མོ་གཅིག་ཏུ་བསྡུས་ཡོད།

    མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་འདུ་ཤེས་དང་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ནས་བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་བྱས་པ་ལས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི“རྒྱལ་ཁབ་ཁག་གི་མི་དམངས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཚེ་དར་རྒྱས་གཞི་ནས་ཡུན་རིང་གནས་ཐུབ་པ་དང་། བདེ་འཇགས་གཞི་ནས་འགན་ལེན་ཐུབ་པ། འགྲོ་བ་མིའི་ཐོབ་ཐང་ལ་གཞི་ནས་རྨང་གཞི་ལྡན་པར”བྱེད་པའི་རྒྱལ་སྐྱོང་དམངས་ཕན་གྱི་བརྩེ་སེམས་དང་འགན་འཁྲི་མངོན་ཡོད།

    “འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། ཁོང་ཡངས་དཀྱིལ་ཆེའི་སྒོ་ནས་འགལ་ཟླ་དང་གདོང་ཐུག་ལ་མི་འཛེམས་པར་བརྩེ་སེམས་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་བར་སྟོང་གི་ཁྱབ་རྒྱ་ཆེན་པོའི་ཐོག་ནས་མིའི་རིགས་ཀྱི་འཕེལ་རྒྱས་གནད་དོན་ལ་དགོངས་བཞེས་གནང་བ་རེད།

    “ང་ཚོས་ལོ་རྒྱུས་ཡང་དག་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་ཁྲོད་རང་ངོས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་ལ། རང་ངོས་འཕེལ་རྒྱས་བཏང་བར་བརྟེན་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱ་རྒྱུ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་འདི་ནི་ཅི་འདྲའི་སྙན་ཞིང་འཇེབས་པ་ཞིག་དང་ཀྲུང་གོའི་བྱ་སྤྱོད་འདི་ནི་ཅི་འདྲའི་ནུས་ཤུགས་ལྡན་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།